《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年03月31日

འགན་འཁྲི་སེམས་ལ་བཅངས། ཞུན་བརྡར་ལེགས་པར་བཏང་།

——བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་ལ་2026ལོའི་ལོ་འཁོར་གྱི་དཔྱིད་དུས་ཀྱི་དམག་གསར་ དམག་སྒར་དུ་འབྱོར་བའི་སྐོར་བཀོད་པ།

འདི་ནི་དམག་གསར་ཚོས་མཉམ་དུ་དྲན་རྟེན་པར་རྒྱག་བཞིན་པ།

འདི་ནི་དམག་གསར་སྦྱོང་བརྡར་རྐང་འཛིན་པས་དམག་གསར་ཚོ་དང་སྙིང་གཏམ་ཤོད་རེས་བྱེད་བཞིན་པ།

འདི་ནི་དམག་གསར་ཚོ་དམག་སྒར་དུ་འབྱོར་བའི་ལྟོ་དུས་དང་པོ་ཡིན་པ།

འགན་འཁྲི་སེམས་ལ་བཅངས། ཞུན་བརྡར་ལེགས་པར་བཏང་། ཉེ་ཆར་བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་ལ་2026ལོའི་ལོ་འཁོར་གྱི་དཔྱིད་དུས་ཀྱི་དམག་གསར་དམག་སྒར་དུ་འབྱོར་ཞིང་། ཁོང་ཚོས་ལང་ཚོ་དར་ལ་བབ་པའི་དུས་སུ་ཞུན་བརྡར་ལེགས་པར་བཏང་སྟེ། རང་ཉིད་ཀྱི་སྟོབས་ཤུགས་ཡོད་རྒུ་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སྟོབས་ཤུགས་སུ་བསྒྱུར་ནས་རང་ཉིད་ལ་དབང་བའི་དམག་ཞུགས་རྒྱང་སྐྱོད་ལམ་བུ་འགྲིམ་འགོ་ཚུགས་པ་རེད།

མེ་འཁོར་འབབ་ཚུགས་སུ་མེ་འཁོར་དལ་བུར་འབྱོར་བ་དང་ཆབས་ཅིག་ལུས་ལ་དམག་ཆས་གྱོན་པ་དང་། བྲང་ཁར་མེ་ཏོག་དམར་པོ་བཏགས་པ། དཔུང་པར་གཟེངས་བསྟོད་ཞགས་རྒྱན་སྤྲས་པའི་དམག་མི་གསར་པ་གཅིག་རྗེས་གཉིས་མཐུད་དུ་མེ་འཁོར་ནས་བབས་ཤིང་། ལོ་ན་གཞོན་ཡང་། བློ་རྩ་བྲག་ལྟར་བརྟན་པའི་ན་གཞོན་དམག་མི་ཚོས་ལྷག་བསམ་རྣམ་པར་དག་ལ་ཡིད་སྨོན་ཚད་མེད་འཆང་བཞིན་དམག་ཞུགས་ལམ་བུ་འགྲིམ་འགོ་ཚུགས་པ་རེད།

“དཔུང་སྡེར་ཐོག་མར་འབྱོར་སྐབས་མ་གོམས་པ་གཏན་གཏན་ཡོང་ངེས་རེད། སྦྱོང་བརྡར་དང་འཚོ་བའི་ཁྲོད་དུ་དཀའ་ངལ་གང་འཕྲད་ནའང་ང་འཚོལ་བར་ཤོག”དམག་མི་གསར་པ་ཚོ་དམག་སྒར་དུ་ཐོག་མར་འབྱོར་སྐབས་ཀྱི་དཀའ་ངལ་སེལ་ཆེད། དམག་གསར་སྦྱོང་བརྡར་རྐང་འཛིན་པས་རང་འགུལ་ངང་ཁོང་ཚོའི་སར་ཡོང་སྟེ། སེམས་རྩ་འཁོལ་པོས་སྙིང་གཏམ་ཤོད་རེས་དང་ཁ་བརྡ་གློད་པའི་རྣམ་པའི་ཐོག་ནས་ཁོང་ཚོའི་བསམ་ཚུལ་དང་བསམ་འདུན་ཤེས་རྟོགས་བྱས་པ་དང་སྦྲགས། ཁ་ཞེ་གཉིས་མེད་ཀྱི་བསམ་སྦྱོར་ཐོག་ནས་འཐབ་གྲོགས་གསར་པ་ཚང་མའི་སེམས་པ་དམག་སྒར་ལ་ཆགས་ཐབས་བྱས་པ་རེད།

(སྤེན་ཚེས་བསྒྱུར། སྤེན་ཚེ་དང་བསྟན་འཛིན་རྣམ་རྒྱལ་གྱིས་ཞུས)