《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年03月31日

སྒེར་རྩེ་རྫོང་སྤྱི་བདེ་ཅུས་ཤན་ཆེན་ཤང་མངགས་གཏོང་ཁང་གིས་རྒྱལ་ལམ་216རྒྱུད་ཀྱི་འགྲོ་ལམ་འགྲིམ་འགྲུལ་ལ་སྐོར་ཞིབ་བྱས་པ།

འདི་ག་ཚགས་པར་ཁང་དུ་སྒེར་རྩེ་ནས་གློག་འཕྲིན་འབྱོར་གསལ། ས་བབ་མཐོ་བའི་རྒྱལ་ལམ་216རྒྱུད་ཀྱི་འགྲིམ་འགྲུལ་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱེད་པ་དང་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཁ་ནུས་ལྡན་ངང་སྔོན་འགོག་དང་སེལ་ཆེད། ཉེ་ཆར། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་སྤྱི་བདེ་ཅུས་ཤན་ཆེན་ཤང་མངགས་གཏོང་ཁང་གིས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ། འགྲོ་ལམ་འགྲིམ་འགྲུལ་གྱི་ཆེད་དོན་སྐོར་ཞིབ་ལས་དོན་སྤེལ་ནས་འགྲིམ་འགྲུལ་གྱི་ཉེན་ཁ་ནུས་ཤུགས་ཡོད་རྒུས་སྔོན་འགོག་དང་མང་ཚོགས་ཀྱི་འགྲོ་སྐྱོད་བདེ་འཇགས་སྲུང་སྐྱོང་བྱས་པ་རེད།

སྐོར་ཞིབ་བྱེད་སྐབས། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ལམ་ངོས་སུ་སྐོར་ཞིབ་དང་གནས་གཏན་འཁེལ་གྱི་ཞིབ་བཤེར་ཟུང་དུ་འབྲེལ་བའི་བྱ་ཐབས་སྤྱད་དེ་ལས་དོན་སྤེལ་ཏེ་མྱུར་ཚད་བརྒལ་ནས་རླངས་འཁོར་གཏོང་བ་དང་མི་ཚད་ལས་བརྒལ་ནས་བླུགས་པ་སོགས་འགྲིམ་འགྲུལ་ཁྲིམས་འགལ་བྱེད་སྤྱོད་ལ་གཙོ་གནད་ཞིབ་བཤེར་བྱས་ནས་གནས་ཚུལ་གཅིག་ཤེས་རྟོགས་ཐུབ་རིམ་བཞིན་ཞིབ་བཤེར་ཐག་གཅོད་བྱས་པས་ཟིལ་གནོན་ནུས་ལྡན་སྤྲས་ཡོད། ཁོངས་གཏོགས་ཁུལ་གྱི་ས་བབ་མཐོ་བའི་དམིགས་བསལ་ཁོར་ཡུག་དང་ཟུང་འབྲེལ་བྱས་ཏེ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པས་ལས་འགན་སྒྲུབ་སྐབས། ཕར་འགྲོ་ཚུར་འོང་བྱེད་མཁན་ཁ་ལོ་བར་ངལ་དུབ་ཆེ་དུས་རླངས་འཁོར་མི་གཏོང་བ་དང་། རླངས་འཁོར་གཏོང་བའི་དུས་ཚོད་དང་ངལ་གསོ་རྒྱག་པའི་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱེད་པ། ལ་དུག་སྔོན་འགོག་བྱེད་ཐབས་ཡག་པོ་སྤྱོད་པ། འབྲེལ་ཡོད་དངོས་ཟོག་གྲ་སྒྲིག་ཡག་པོ་བྱེད་པ། གལ་ཏེ་གཟུགས་པོ་མི་བདེ་བ་བྱུང་ཚེ་དུས་ཐོག་ཏུ་རླངས་འཁོར་ཁ་བཀག་ནས་ངལ་གསོ་རྒྱག་པ་བཅས་བྱས་ཏེ་རླངས་འཁོར་གཏོང་སྐབས་བདེ་འཇགས་ལ་འགན་ལེན་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།