འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ནས་ཤེས་རྟོགས་བྱུང་བར། གཞི་རིམ་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ལས་འགན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པས་གཞི་རིམ་ཞིབ་དཔྱོད་ལག་ལེན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། གཞི་རིམ་གྱི་སྔོན་གཏོད་ལེགས་བརྩོན་ལ་སྣེ་ཁྲིད་དང་སྐུལ་ཁྲིད་བཅས་བྱ་ཆེད། ཉེ་ཆར་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ཆབ་སྲིད་པུས་རྒྱལ་ཡོངས་ནས་ཕུལ་བའི་གཞི་རིམ་ཞིབ་དཔྱོད་ཁང་གི“ཁང་རེ་ལ་སྤུས་རྟགས་རེའི”དཔེ་མཚོན་103ཁྲོད་ནས་ཁྱད་ལྡན་སྤུས་རྟགས་33གདམ་གསེས་གཏན་འཁེལ་བྱས་པ་རེད། རང་ལྗོངས་ཀྱི་སྐྱིད་གྲོང་རྫོང་མི་དམངས་ཞིབ་དཔྱོད་ཁང་གི“ཐབས་ལམ་ལྔའི་ཞིབ་དཔྱོད་ས་ཚིགས”2025ལོའི་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་གཞི་རིམ་ཞིབ་དཔྱོད་ཁང་འཛུགས་སྐྱོང་ལས་སྒོའི་རིགས་ཀྱི་ཁྱད་ལྡན་སྤུས་རྟགས་ལ་བདམས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྐྱིད་གྲོང་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་ས་གནས་དེ་གའི“དཔོན་ལམ་དང་། ཚོང་ལམ། འཐབ་ལམ། གཉེན་བསུའི་ལམ། ཆོས་སྤེལ་ལམ”བཅས་ལོ་རྒྱུས་ཀྱི་རིག་རྒྱུན་ལྔ་ལ་གཞི་ཚུགས་ནས་ཞིབ་དཔྱོད་ལས་དོན་གྱི་འཇུག་གཞི་དང་ཤུགས་རྒྱག་ས་གནད་ལ་འཁེལ་པོས་བཙལ་ཏེ། སྤུས་འབྲས་མཐོ་བའི་ཞིབ་དཔྱོད་ཀྱི་འགན་ནུས་ལས“ཐབས་ལམ་ལྔའི་ཞིབ་དཔྱོད་ས་ཚིགས”ཀྱི་སྤུས་རྟགས་ཀྱི་ལྟེ་བའི་ནང་དོན་གྲུབ་ཡོད། མཐའ་བརྟན་ཐབས་ལམ། མཐའ་མཚམས་ཞིབ་དཔྱོད་འབྲེལ་གཏུག་ས་ཚིགས་ལ་བརྟེན་ནས་བཅའ་ཁྲིམས་སྦྲ་གུར་དང་འབྲོག་རར་ཁྱབ་གདལ་བཏང་སྟེ། མཐའ་མཚམས་ཁྲིམས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་ཡོད། ཞི་མཐུན་ཐབས་ལམ། དམག་དཔུང་དང་། ཉེན་རྟོག མཐའ་སྲུང་བ་བཅས་འབྲེལ་གཏུག་བྱས་ནས་རྩྭ་རའི་གནད་དོན་དང་ཁྱིམ་མཚེས་དབར་གྱི་རྩོད་གཞི་འབྱུང་རྩ་ནས་ཐག་གཅོད་བྱས་པས། གཞི་རིམ་དུ་ཁུངས་སྐྱེལ་དག་འབུད་དང་འདུམ་འགྲིག་བྱེད་ཚད་100%ཟིན་ཡོད། བྱམས་ལྡན་ཐབས་ལམ། “ཟུར་བཀོད་ཆ་རྐྱེན་བཏོན་པའི་ཞུ་གཏུག་མི་རྒྱག་པ་དང་གནད་སྨིན་སློབ་རོགས”ཟུང་འབྲེལ་གྱི་ལམ་སྲོལ་གསར་གཏོད་བྱས་ནས་ཁྲིམས་འཛིན་རོགས་སྐྱོབ་མ་དངུལ་དམངས་འཚོའི་དཀའ་ངལ་ཡོད་སར་ཐད་ཀར་འབྱོར་བར་བྱས་ཡོད། མང་འདུས་ཐབས་ལམ། མང་ཚོགས་བཅོས་སྐྱོང་ནང་ཞུགས་པར་སྐུལ་སློང་བྱས་ཏེ་སྤྱི་ཕན་གཏུག་བཤེར་དང་དམངས་དོན་རྒྱབ་སྐྱོར་ཞུ་གཏུག་སོགས་ཁུངས་སྣེ་རྒྱ་ཁྱབ་ངང་བསྡུ་རུབ་བྱས་ཏེ་ཁུངས་སྣེའི་ཡོང་ཁུངས་བཏོད་ཡོད། ལྟེ་བའི་ཐབས་ལམ། གྲོང་ཚོ་རིམ་པའི་མཉམ་བཅོས་ལམ་སྲོལ་གྱིས་གྲོང་ཚོ་ཨུ་ལྷན་དང་གྲོང་སྡོད་ལས་དོན་རུ་ཁག་དང་མཉམ་འགུལ་བྱས་ཏེ། གཟའ་འཁོར་རེར་ཕན་ཚུན་སྤེལ་རེས་དང་ཟླ་རེར་མཐའ་མཚམས་སྐོར་གཡེང་རེ་བྱས་ནས་ཉེན་ཁ་སྔོན་འགོག་བྱས་ཡོད། སྤུས་རྟགས་དེས“ཏང་འཛུགས་སྐྱོང་གིས་ཞིབ་དཔྱོད་ལ་སྣེ་ཁྲིད་བྱེད་པ་དང་། ཁྲིམས་སྐྱོང་གིས་མཐའ་མཚམས་སྐྱོང་བའི”འདུ་ཤེས་མངོན་གསལ་དོད་པོ་ཡོང་བ་བྱས་ནས“སྒོ་འགྲམ་གྱི་ཞིབ་དཔྱོད་ཁང”བཏོད་དེ་ལོ་རྒྱུས་རིག་གནས་དང་ཁྲིམས་སྐྱོང་མཐའ་བརྟན་ཟུང་འབྲེལ་ནུས་ལྡན་ཐུབ་པར་བྱས་ཡོད།