འདི་ག་ཚགས་པར་ཁང་དུ་རྒྱལ་རྩེ་ནས་གློག་འཕྲིན་འབྱོར་གསལ། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། མང་ཚོགས་ཀྱི་མཐའ་མཚམས་དོ་དམ་ས་ཁུལ་གྱི་ལམ་ཡིག་གཉེར་བའི་དགོས་མཁོ་གང་ཐུབ་བསྐངས་ནས“དུས་དང་རྣམ་པ་ཀུན་ཏུ་གཉེར་བ་དང་། ཐག་ཉེ་ས་ནས་གཉེར་བ། ཐེངས་གཅིག་ལ་གཉེར་བ”བཅས་ཀྱི་ལས་ཀའི་དམིགས་ཚད་མངོན་འགྱུར་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས་རྫོང་ཡོངས་ཀྱི་མཐའ་མཚམས་ལམ་ཡིག་གཉེར་སའི་སྐར་ཁུང་7ཡོད་པའི་རྨང་གཞིའི་ཐོག་སྐར་ཁུང་14མང་དུ་བཏང་བ་དང་རྒྱལ་རྩེ་རྫོང་གི་དམངས་ཕན་ཞབས་ཞུའི་ཚོམས་ཆེན་གྱི་སྐར་ཁུང་མེད་པར་བཟོས་ཏེ་རྫོང་ཡོངས་ལ་ཁྱབ་པའི་ལས་ཀའི་བླང་བྱ་བསྒྲུབས་པ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། ད་ཆ་རྒྱལ་རྩེ་རྫོང་དུ་མཐའ་མཚམས་ལམ་ཡིག་གཉེར་ས་ཁྱོན་20ཡོད་ཅིང་། དེ་དག་ནི་རྒྱལ་མཚམས་འཛུལ་སྒྲོལ་དོ་དམ་རུ་ཆེན་གྱི་ལག་ཁྱེར་གཉེར་ས་དང་། རྒྱལ་རྩེ་གྲོང་རྡལ་མངགས་གཏོང་ཁང་། ལུང་དམར་ཤང་མངགས་གཏོང་ཁང་། མྱང་སྟོད་ཤང་མངགས་གཏོང་ཁང་། འབྲོང་རྩེ་ཤང་མངགས་གཏོང་ཁང་། ར་སོག་ཤང་མངགས་གཏོང་ཁང་། རི་ཞིང་ཤང་མངགས་གཏོང་ཁང་། ར་ལུང་ཤང་མངགས་གཏོང་ཁང་། འཕྲེང་རིང་ཤང་མངགས་གཏོང་ཁང་། རི་ནང་ཤང་མངགས་གཏོང་ཁང་། ལྕང་ར་ཤང་མངགས་གཏོང་ཁང་། གངས་ཁྲོ་ཤང་མངགས་གཏོང་ཁང་། དཀྱིལ་མཁར་ཤང་མངགས་གཏོང་ཁང་། རྩེ་ཆེན་ཤང་མངགས་གཏོང་ཁང་། གཙང་ཁ་ཤང་མངགས་གཏོང་ཁང་། སྟག་རྩེ་ཤང་མངགས་གཏོང་ཁང་། མཁར་སྟོད་ཤང་མངགས་གཏོང་ཁང་། མཁར་སྨད་ཤང་མངགས་གཏོང་ཁང་། ན་རོང་ཤང་མངགས་གཏོང་ཁང་། ལྕགས་འཁྱེར་ཤང་མངགས་གཏོང་ཁང་བཅས་རེད།