འདི་ག་ཚགས་པར་ཁང་དུ་ལྷོ་རོང་ནས་གློག་འཕྲིན་འབྱོར་གསལ། གཞི་རིམ་གྱི་ཁྲིམས་འཛིན་སྲིད་འཛིན་དཔུང་ཁག་གི་ལས་སྒོའི་འཇོན་ཐང་ལ་སྔར་བས་སྦྱོང་བརྡར་དང་ཁྲིམས་སྐྱོང་སྒྲོག་འགྲེལ་གྱི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར། ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཁྲིམས་འཛིན་ཅུས་ཀྱིས“དམར་མདངས་ཆབ་མདོ། དར་རྒྱས་ཡར་བརྩོན”གྱི་གཞི་རིམ་བཅའ་ཁྲིམས་ལས་དོན་པའི་ཁྲིམས་སྐྱོང་སྒྲོག་འགྲེལ་གྱི་འགྲན་བསྡུར་ཆེ་མོ་སྐབས་གཉིས་པ་བདེ་བླག་ངང་སྤེལ་བ་རེད།
བྱེད་སྒོ་སྤེལ་ཚུན། ལྷོ་རོང་རྫོང་གི་ཤང(གྲོང་རྡལ)11གི་ཁྲིམས་འཛིན་སུའོ་ཡིས་ཚད་མཐོའི་མཐོང་ཆེན་དང་སྒྲིག་འཛུགས་ཞིབ་ཚགས་ཀྱིས་ཤང་རིམ་པའི་གྲ་སྒྲིག་འགྲན་བསྡུར་བྱས་ནས་འདེམས་སྒྲུག་རྒྱག་པའི་ལས་དོན་ཏན་ཏིག་སྤེལ་ཞིང་། གཞི་རིམ་གྱི་བཅའ་ཁྲིམས་ལས་དོན་པ་དང་། མི་དམངས་ཀྱི་འདུམ་འགྲིག་པ། སྡེ་ཁུལ་གྱི་ཡོ་བསྲང་ལས་དོན་པ། “བཅའ་ཁྲིམས་གསལ་ཤེས་པ” ཕུལ་བྱུང་གི་ཁྲིམས་ལུགས་ཁྱབ་གདལ་སྒྲོག་འགྲེལ་པ། གཞི་རིམ་གྱི་ཁྲིམས་ལུགས་ཁྱབ་གདལ་རྐང་འཛིན་པ་སོགས་སྐུལ་སློང་རྒྱ་ཁྱབ་བྱས་ཏེ། རིམ་པ་བཞིན་ཧྲག་སྒྲུག་བརྒྱབ་ནས། བསྡུར་སློབ་སྙེག་བརྒལ་དང་སྔོན་གཏོད་ལེགས་བརྩོན་གྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད།
(བསྟན་འཛིན་གྱིས་བསྒྱུར། ཚེ་བརྟན་སྒྲོལ་དཀར་གྱིས་ཞུས)