འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ཁྲིམས་འཛིན་པུའུ་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་དུ《2025ལོའི་རྒྱལ་ཡོངས་ཀྱི་གཉེན་སྒྲིག་དང་ཁྱིམ་ཚང་གི་རྩོད་གཞི་སེལ་བའི་མི་དམངས་ཀྱི་ལས་ཀའི་འགྲན་རྩོད་ཆེན་པོའི་བྱེད་སྒོའི་ནང་གྲུབ་འབྲས་ལེགས་པའི་མི་སྒེར་དང་མཉམ་སྡེབ་ལ་བསྟོད་བསྔགས་བྱ་རྒྱུའི་སྐོར་གྱི་གཏན་འབེབས》བཀྲམ་པ་དང་། མི་སྒེར་96དང་མཉམ་སྡེབ་20བརྡ་ཁྱབ་བཏང་ནས་བསྟོད་བསྔགས་བཏང་པ་རེད། དེའི་ནང་། རང་ལྗོངས་ཀྱི་མི་དམངས་འདུམ་འགྲིག་པ་ཁྲེན་དབྱིང་དང་། བསམ་སྐྱིད་ཆོས་གྲགས། ཅི་ཧུའེ་ཅིང་བཅས་མི་3ལ་བསྟོད་བསྔགས་ཐོབ་པ་རེད།
(བསྟན་འཛིན་རྣམ་རྒྱལ་གྱིས་བསྒྱུར། བསྟན་འཛིན་བློ་གྲོས་ཀྱིས་ཞུས)