※ ས་བྱང་ལམ་རིང་མོ་ཐོད་གཏུགས། །
ཚིག་ཕ་མ་འདྲ་པོ་ངོ་སྤྲོད། །
※ རྟ་མ་རྒྱུག་གོང་ལ་རྡུལ་མི་འབུད། །
གྱོད་མ་བཤད་གོང་ལ་ཉེ་མི་བྱེད། །
※ བྱ་འབབ་སའི་བྲག་ན་རྡང་མེད། །
ཟོག་འཚོ་སའི་ལྷས་ན་རྩྭ་མེད། །
※ སྲིད་པ་ཆགས་པའི་གངས་རི་མིན་ཡང་། །
ཞག་གསུམ་ལོན་པའི་བ་མོ་ལོས་ཡིན། །
※ ཙན་དན་གྱིས་མེ་ཤིང་བྱེད་མཁན། །
གོས་ཆེན་གྱིས་ཐབ་ཕྱིས་བྱེད་མཁན། །
※ བློ་རིག་པ་གློག་དམར་འཁྱུག་འཁྱུག །
གཏམ་ཁ་ལྕེ་མེ་ལྕེ་འབར་འབར། །
※ རྒྱུག་པའི་བང་རྩལ་རླུང་འདྲ་འདྲ། །
འཕུར་བའི་གཤོག་རྩལ་བྱ་འདྲ་འདྲ། །
※ ཤིང་ཡར་སྐྱེས་ནང་གི་ཙན་དན་ཡིན། །
ཆུ་མར་འབབ་ནང་གི་བདུད་རྩི་ཡིན། །
※ བྱ་ཕོ་རོག་ནག་ཀྱང་མཆིན་པ་དཀར། །
མགོ་སྐྲ་ལོ་ནག་ཀྱང་བསམ་པ་དཀར། །
※ ཕ་བཟང་བུ་མོ་རིག་བཟང་མ། །
མ་བཟང་བུ་མོ་རྒྱན་ཡག་མ། །
※ སྡུག་གི་མུན་པ་མཐའ་ནས་སངས། །
སྐྱིད་ཀྱི་ཉི་མ་དགུང་ནས་ཤར། །