འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པས་ཉིང་ཁྲིའི་སྐབས་ཉེར་གསུམ་པའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་ཟླ་4ཚེས་3ཉིན་འགོ་ཚུགས་རྒྱུ་ཡིན་པ་རེད།
ད་ལོའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་དེ་དྭངས་གསལ་དུས་ཚིགས་ཀྱི་ངལ་གསོ་དང་སྐབས་འཁེལ་བ་དང་ཉིང་ཁྲི་གྲོང་ཁྱེར་གྱི་ཀོང་པོ་སྤྱི་གླིང་དུ་གཉེར་རྒྱུ་ཡིན་པ་རེད། བོད་ཀྱི་ལོ་འཁོར་གྱི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགོ་མ་དང“དུས་ཆེན་གཉིས་དང་དུས་ཚིགས་གཅིག”གི་ལྟེ་བའི་སྤུས་རྟགས་ཡིན་པའི་ཁམ་བུའི་མེ་ཏོག་དུས་ཆེན་དེ་ལོ་ཉི་ཤུ་ལྷག་ཙམ་རིང་གི་སྤུས་རྟགས་རྒྱུན་འཛིན་བྱེད་པའི་རྨང་གཞིའི་ཐོག་ཕྱོགས་བསྡུས་རིག་གནས་ཡུལ་སྐོར་IPརུ་རིམ་སྤོར་བྱས་ནས“ཁམ་བུའི་མེ་ཏོག་མནའ་འབྲེལ”རྒྱ་ཆེར་གཏོང་བ་དང་། ས་ཁོངས་ལས་བརྒལ་བའི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། བརྗོད་དོན་གཙོ་བོའི་ལམ་ཐིག་དང་ཐོན་རྫས་སོགས་བཏོན་ཏེ་ཁམ་བུའི་མེ་ཏོག་ལ་བརྟེན་ནས་དཔལ་འབྱོར་གྱི་ཕན་འབྲས་མུ་མཐུད་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།