《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年02月10日

༄༅ སློབ་ཐོན་གྱི་གཏམ་།

བྱམས་པ་རྡོ་རྗེ།

འདི་རུ། ལས་དབང་གཅིག་དང་།

དགོས་པ་གཅིག་གིས།

གཞན་ཡུལ་གཅིག་ཏུ།

འཛོམ་ཐེངས་གཅིག་དང་།

འགྲོགས་ཐེངས་གཅིག་རེད།

འདི་ལས། དང་བ་ཞིག་དང་།

དུང་བ་ཞིག་གིས།

རིག་གཞུང་ཞིག་ལ།

བརྩེ་བ་ཞིག་དང་།

ཆགས་ཞེན་ཞིག་སྐྱེས།

འདི་ནས། མཆེད་གྲོགས་འདི་ཚོས།

དམིགས་པ་གཅིག་ཏུ།

དད་པ་ཞིག་དང་།

བརྩོན་པ་ཞིག་གིས།

རྣམ་ཐར་ཞིག་བསྐྱངས།

འདི་རུ། དགའ་བ་ཞིག་དང་།

སྐྱོ་བ་ཞིག་གིས།

དུས་ཚིགས་ཤིག་ལ།

ཕྱིར་དྲན་ཞིག་དང་།

བསྡོམས་ཚིག་ཅིག་བཀོད།

འདི་རུ། རེ་བ་ཞིག་དང་།

ལྷག་བསམ་ཞིག་གིས།

འབྲས་ལྡན་དུས་ལ།

འབྲས་བུ་ཞིག་ཆེད།

གོམ་པ་གཅིག་སྤོས།

མདོར་ན། འདི་ནི་བྱིས་དུས་ཀྱི་རྨི་ལམ་དང་།

གཞོན་དུས་ཀྱི་ལང་ཚོ།

རྒས་དུས་ཀྱི་དྲན་གསོ།

མི་ཚེ་ཡི་གྲིབ་གཟུགས་སོ།