ཉེ་ཆར། བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་2026ལོའི་ལོ་འཁོར་གྱི་དམག་སྦྱོང་འགོ་ཚུགས་པའི་སྐུལ་སློང་ཚོགས་ཆེན་འཚོགས་པ་རེད། ཚོགས་ཆེན་གྲང་རླུང་ཁྲོད་རྔམ་བརྗིད་ལྡན་པའི་ངང་འགོ་ཚུགས་པ་དང་། དཔོན་དམག་ཡོངས་ཀྱིས་དམག་ཆས་ལེགས་པར་སྤྲས་ཏེ་དཔའ་ངར་ཆེར་སྐྱེད་ཀྱིས་རུ་སྟར་བསྒྲིགས་ཏེ་མཉམ་དུ་འཛོམས་ནས། སྤོབས་སེམས་ཀྱིས་ཁེངས་ཤིང་ལོ་འཁོར་གསར་པའི་དམག་དོན་སྦྱོང་བརྡར་ལས་འགན་བསུས་པ་རེད།