《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年02月03日

བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་རྩོད་པའི་འཐུས་མིའི་ཚོགས་ཆེན་ཐེངས་བདུན་པ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་རྩོད་པའི་འཐུས་མིའི་ཚོགས་ཆེན་ཐེངས་བདུན་པ་ལྷ་སར་འཚོཌ་ཤིང་། ལྗོངས་ཡོངས་ཀྱི་ཁྲིམས་རྩོད་པའི་འཐུས་མི་128དང་དེ་བཞིན་ཆེད་མངགས་གདན་འདྲེན་ཞུས་པའི་འཐུས་མི་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་ཁྲིམས་རྩོད་པའི་མཐུན་ཚོགས་སྐབས་བདུན་པའི་ལས་འཛིན་ལྷན་ཚོགས་དང་། ལྟ་ཞིབ་ལྷན་ཚོགས། དེ་བཞིན་སྐབས་གསར་པའི་མཐུན་ཚོགས་ཀྱི་འགོ་ཁྲིད་ཚན་ཁག་བཅས་བདམས་ཐོན་བྱུང་བ་དང་། སྐབས་བདུན་པའི་དྲུང་ཆེ་གདན་ཞུས་ལས་བསྐོས་བྱས་པ། 《བོད་རང་སྐྱོང་ལྗོངས་ཁྲིམས་རྩོད་པའི་མཐུན་ཚོགས་ཀྱི་སྒྲིག་ཡིག》(བཟོ་བཅོས་འཆར་ཟིན)ཡིག་ཆར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།