《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年01月13日

གཞིས་རྩེ་མེ་གསོད་རོགས་སྐྱོབ་འཕྲལ་སྒྲུབ་རུ་ཆེན་གྱིས།

ནགས་ཚལ་གྱི་མེ་ཟོན་བདེ་འཇགས་ལ་ཤུགས་སྣོན་བརྒྱབ་པ།

ཉེ་ཆར། གཞིས་རྩེ་མེ་གསོད་རོགས་སྐྱོབ་འཕྲལ་སྒྲུབ་རུ་ཆེན་གྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བདེ་འཇགས་ལ་གཙོ་གནད་དུ་དམིགས་ནས་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་དང་སྐྱིད་གྲོང་རྫོང་གི་ནགས་ཚལ་ཁུལ་དང་མཛེས་ལྗོངས་ཁུལ་དུ་མེ་ཟོན་ཆེད་དོན་དྲིལ་བསྒྲགས་དང་དངོས་སྦྱོང་གསོ་སྦྱོང་བྱེད་སྒོ་སྤེལ་ནས། རྩལ་ནུས་གསོ་སྦྱོང་དང་། སྐོར་སྲུང་། ཤེས་བྱ་སྒྲོག་འགྲེལ་སོགས“དྲིལ་བསྒྲགས་དང་། གསོ་སྦྱོང་། སྐོར་སྲུང་བཅས་ཟུང་དུ་འབྲེལ་བའི”ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་བྱེད་ཐབས་སྤྱད་ནས། མེ་ཟོན་བདེ་འཇགས་ཀྱི་དྲ་རྒྱ་ཕྱོགས་ཡོངས་ནས་ཚགས་དམ་དུ་བཏང་ཞིང་། འདི་ནི་མེ་གསོད་རོགས་སྐྱོབ་མི་སྣས་ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་དྲིལ་བསྒྲགས་དང་དངོས་སྦྱོང་གསོ་སྦྱོང་བྱེད་བཞིན་པ།