《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月30日

ད་ལོ་འགྲམ་འགག་སྒོ་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་40ལྷག་ཙམ་ཟིན་པ།

ཉེ་ཆར་གསར་འགོད་པར་གཉའ་ནང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ནས་ཤེས་རྟོགས་བྱུང་བར། 2025ལོར་འགྲམ་འགག་སྒོས་རིམ་རྩིས་བརྒྱབ་ན་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་40ལྷག་ཙམ་ལ་དཔྱད་བཤེར་བྱས་པ་དེ་ན་ནིང་གི་དུས་མཚུངས་ལས་18.65%འཕར་ཏེ། འགྲུལ་རྒྱུན་གྱི་ཟིན་ཐོ་གསར་པ་བཏོད་ཅིང་། འདི་ནི་གཉའ་ནང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་རྒྱལ་མཚམས་ནས་འཛུལ་སྒྲོལ་བྱེད་མཁན་ལ་ལག་ཁྱེར་ཞིབ་བཤེར་བྱེད་བཞིན་པ།