ཉེ་ཆར། ཀྲུང་གོ་འཛུགས་སྐྲུན་མ་རྐང་ཚད་ཡོད་ཀུང་སི་བོད་ལྗོངས་ལས་གྲྭ་འཛུགས་སྐྲུན་བཀོད་འདོམས་པུས“མེ་ཟོན་དྲིལ་བསྒྲགས་ཟླ་བའི”བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་དེས་མེ་ཟོན་ཤེས་བྱ་སྒྲོག་འགྲེལ་དང་། འཕྲལ་སྡོམ་ཁ་འགྲེམ་ནང་སྦྱོང་། མེ་གསོད་ཡོ་ཆས་སྤྱོད་པ་སོགས་ཀྱི་རྣམ་པའི་ཐོག་ནས་མེ་སྐྱོན་སྔོན་འགོག་དང་། དུས་འགོའི་མེ་གསོད། སྲོག་ཉེན་ལས་ཐར་ཐབས་སོགས་ཀྱི་བྱ་ཐབས་ཁྱབ་གདལ་བཏང་བ་རེད། འདི་ནི་བཀོད་འདོམས་པུའི་ལས་དོན་པས་མེ་ཟོན་ཡོ་ཆས་སྤྱོད་སྟངས་སྦྱོང་བཞིན་པ།