《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月23日

རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས།

སྡེ་ཁུལ་ཡོ་བསྲང་གཞི་གཅིག་ཅན་གྱི་ལས་སྟེགས་བཀོལ་སྤྱོད་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ལྗོངས་ཡོངས་ཀྱི་སྡེ་ཁུལ་ཡོ་བསྲང་གི་སྤུས་ཚད་ལོ་གཉིས་མཐོར་གཏོང་གི་ཆེད་དོན་བྱ་སྤྱོད་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་། སྡེ་ཁུལ་ཡོ་བསྲང་གཞི་གཅིག་ཅན་གྱི་ལས་སྟེགས་བཀོལ་སྤྱོད་ཚད་ལྡན་དུ་གཏོང་བ། སྡེ་ཁུལ་ཡོ་བསྲང་དང་བཀོད་སྒྲིག་རོགས་ཁྲིད་ཀྱི་གྲངས་གཞི་སྦྲེལ་མཐུད་ལ་དུས་མཉམ་དུ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཉེ་ཆར་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་2025ལོའི་དུས་ཚིགས་བཞི་པའི་སྡེ་ཁུལ་ཡོ་བསྲང་གཞི་གཅིག་ཅན་གྱི་ལས་སྟེགས་བཀོལ་སྤྱོད་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།

ད་ཐེངས་ཀྱི་གསོ་སྦྱོང་ནང་། སྤུས་ཕན་ལེགས་གཉེར་བྱ་རྒྱུ་གཞི་འཛིན་སར་བྱས་པའི་ཐོག་ལས་གནས་ཀྱི་དོན་དངོས་དང་འཇོན་ཐང་གི་ཞན་ཆར་གཞི་ཚུགས་ནས་སློབ་ཁྲིད་བྱས་ཏེ་སྡེ་ཁུལ་གྱི་ཡོ་བསྲང་ལས་དོན་ཆ་འཕྲིན་ཅན་གྱི་དངོས་འཐབ་ནུས་ཕྱོད་ཆེ་རུ་གཏོང་བར་དམིགས་ཡོད།

ས་གནས(གྲོང་ཁྱེར)ཁག་གི་ཁྲིམས་འཛིན་ཁྲུའུ(ཅུས)ཀྱི་སྡེ་ཁུལ་གྱི་ཡོ་བསྲང་ཉིང་ལག་རུ་ཁག(ཁོའོ)དང་། རྫོང(གྲོང་ཁྱེར་དང་ས་ཁུལ)ཁྲིམས་འཛིན་ཅུས། དེ་བཞིན་ཤང་དང་གྲོང་རྡལ(ཁྲོམ་གཞུང)ཁྲིམས་འཛིན་སུའོ་ཁག་གཅིག་བཅས་ནས་ཡོང་བའི་སྡེ་ཁུལ་གྱི་ཡོ་བསྲང་ལས་དོན་པ་120ལྷག་ཙམ་གསོ་སྦྱོང་ལ་ཞུགས་པ་རེད།

(ཚེ་དབང་ལྷ་མོས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)