《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年12月02日

ད་ལོའི་ཟླ་བ་དང་པོ་ནས་བཅུ་པའི་བར།

ལྗོངས་ཡོངས་ཀྱི་ཁྲིམས་ཁང་གིས་ལག་བསྟར་གྱོད་གཞི་4852སླར་གསོ་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་བ་དང་པོ་ནས་བཅུ་པའི་བར། ལྗོངས་ཡོངས་ཁྲིམས་ཁང་གིས་ལག་བསྟར་གྱོད་གཞི་ཁྱོན་4852སླར་གསོ་བྱས་པ་དང་། གྱོད་གཞི་3507ལག་བསྟར་མཐའ་འདོམས་བྱས་པ། ལག་བསྟར་མ་དངུལ་སྒོར་དུང་ཕྱུར་2.013བཏང་ཡོད། དམིགས་ཚད་ཁག་བཞི་ལག་ལེན་བསྟར་རིང་མཐར་གྱོད་གཞི་དེ་སྒྲུབ་ཚད་དང་ཕན་འབྲས་ཀྱི་དམིགས་ཚད“ཐོག་མའི་ལག་བསྟར་གྱི་གྱོད་གཞི་མཐའ་འདོམས་བྱེད་ཚད”26.5%ཟིན་ནས་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་བཟོས་པའི་32%ནས་42%བར་གྱི་ལུགས་མཐུན་ཚད་གཞི་ལས་མཐོ་བ་ཡོད་པ་རེད།