《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年11月18日

སྙེ་མོ་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱིས།

ཕྲན་ཚེགས་ཁེ་ལས་ལ་དངུལ་སྒོར་ཁྲི་13ལེན་རོགས་བྱས་པ།

འདི་ག་ཚགས་པར་ཁང་དུ་སྙེ་མོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། སྙེ་མོ་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ལ་ནག་ཆུའི་རྫོང་ག་གེ་མོའི་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་ཁ་པར་བརྒྱབ་ནས“ཁྱེད་ཚོའི་ལག་བསྟར་བྱ་ཡུལ་ལི་ཆེ་གེ་མོ་ཞིབ་བཤེར་ས་ཚིགས་སུ་ཚོད་འཛིན་བྱས་ཡོད་པས། མྱུར་དུ་རྩིས་ལེན་རོགས”ཞེས་བཤད་པར། ལག་བསྟར་ལས་བྱེད་ཉེན་རྟོག་པས་འཕྲལ་དུ་སྤུན་ཟླའི་ཁྲིམས་ཁང་དང་མཐུན་སྦྱོར་བྱས་ནས་ཐག་ཉེ་སར་ལག་བསྟར་བྱ་ཡུལ་དང་ལེན་བྱས་པ་མ་ཟད། འཕྲལ་ཐག་ཆོད་པོས་ལག་བསྟར་བྱས་ནས་མཚན་མོ་དེར་རླངས་འཁོར་སྤྱི་ལེ་1000ལྷག་བཏང་ནས་ས་ཆ་གཞན་དུ་བསྐྱོད་དེ་ལག་བསྟར་བྱ་ཡུལ་རྩིས་བླངས་པ་རེད། འབྲེལ་གཏུག་མཐུན་སྦྱོར་ཐེངས་མང་བྱས་པ་བརྒྱུད། ལས་བྱེད་ཉེན་རྟོག་པ་ཚོས་གྲོན་དངུལ་ཞིབ་རྩིས་དང་རྩིས་སྤྲོད་སོགས་ཀྱི་བརྒྱུད་རིམ་ལ་ཕན་ནུས་ཆེ་བའི་སྒོ་ནས་སྐུལ་འདེད་བཏང་མཐར། ལག་བསྟར་གྲོན་དངུལ་སྒོར་ཁྲི་13བདེ་བླག་ངང་འདེད་ལེན་བྱས་ཏེ། གྱོད་གཞི་གཉིས་དུས་མཉམ་དུ་ལག་བསྟར་མཐའ་འདོམས་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཕྲན་ཚེགས་ཁེ་ལས་འཕེལ་རྒྱས་གཏོང་བར་ཁྲིམས་འཛིན་གྱི“འགོག་སྲུང་དྲ་བ”བརྟན་པོ་བཙུགས་པ་རེད།

(དམ་ཆོས་མི་ཕམ་གྱིས་བསྒྱུར། ཉི་དོན་གྱིས་ཞུས)