འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གིས་འཐབ་འཛིང་པ་གསར་པ་ཁག་གཅིག་ལ་དམག་དཔུང་འཚོ་བའི་ཕྱིར་སྐྱོད་དམག་སྦྱོང་ཐོག་མ་བྱས་པ་དང་། ད་ཐེངས་དམག་སྦྱོང་ལ་སྤྱི་ལེ་20ཙམ་གྱི་རི་ལམ་ཀྱག་ཀྱོག་ཏུ་བསྐྱོད་ཅིང་། དེའི་དམིགས་ཡུལ་ནི་འཐབ་གྲོགས་གསར་པ་ཚོའི་དུས་འགོའི་སྦྱོང་བརྡར་གྱི་ཕན་འབྲས་དང་ཟུངས་ནུས་ལ་ཞིབ་དཔྱད་བྱས་ཏེ་ཁོང་ཚོའི་བློ་སྟོབས་སྔར་བས་འཕེལ་བར་བྱ་ཆེད་རེད།
དེ་གོང་དཔུང་སྡེ་དེའི་ཏང་ཨུད་ཀྱིས་ཚོགས་འདུ་ཐེངས་མང་འཚོགས་ནས་ཇུས་གཞིར་ཞིབ་བཤེར་གཏན་འབེབས་བྱས་པ་དང་ལམ་བར་དུ་འདྲ་བཟོས་རྣམ་གྲངས་མང་པོ་བཀོད་སྒྲིག་བྱས་ཏེ་བདེ་འཇགས་དང་བདེ་བླག་ཡོང་བར་འགན་ལེན་བྱས་ཡོད་ལ་དམག་མི་གསར་པའི་དུས་འགོའི་སྦྱོང་བརྡར་གྱི་ཕན་འབྲས་ལའང་ཞིབ་དཔྱད་བྱས་པ་རེད།
ད་ཐེངས་ཕྱིར་སྐྱོད་སྦྱོང་བརྡར་བྱས་པ་དེས་རྒྱུས་མངའ་མེད་པའི་ས་བབ་དང་ཆ་རྒྱུས་མེད་པའི་ཁོར་ཡུག་ཁྲོད་འཐབ་གྲོགས་གསར་པ་ཚོའི་ཟུངས་ནུས་དང་། སྟབས་བསྟུན་ནུས་པ། མཉམ་ལས་ནུས་པ་བཅས་ལ་ཕྱོགས་ཡོངས་ནས་ཞུན་བརྡར་ཐུབ་ནས་འཐབ་གྲོགས་གསར་པ་ཚོའི་དམག་དོན་རྩལ་ནུས་མཐོ་རུ་ནུས་ལྡན་ཕྱིན་པ་མ་ཟད། ཕྱིས་ཀྱི་ཆེད་ལས་སྦྱོང་བརྡར་དང་དཔུང་སྡེའི་སྦྱོང་བརྡར་འབྲེལ་མཐུད་ལ་རྨང་གཞི་བརྟན་པོ་བཏིང་ཡོད།