འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། མལ་གྲོ་གུང་དཀར་རྫོང་གི་བུ་བཅོལ་ཁང་དང་པོས“རྒྱལ་སྲུང་སློབ་གསོའི་ཟླ་བ”གོ་སྐབས་སུ་བྱས་ཏེ། རྒྱལ་སྲུང་སློབ་གསོའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོའི་རིང་། བུ་བཅོལ་ཁང་གིས་འབྲེལ་ཡོད་ཉམས་ལེན་བྱེད་སྒོ་བཀོད་སྒྲིག་བྱས་ཤིང་། ཕྲུ་གུ་ཚོས་དམག་ཆས་ཁྲ་ཁྲ་གྱོན་ཏེ་དམག་ཞབས་ཐིམ་པའི་དམག་མིའི་མཛུབ་ཁྲིད་འོག་གློ་སྒྲིམ་དང་གློ་གློད་སོགས་ཀྱི་དམག་རྩལ་སྦྱངས་པ་དང་། དོ་མཉམ་རྩེད་ཤིང་སྟེང་འཛེག་པ་དང“འཛིང་རགས”སུ་འཛུལ་བ་སོགས་ཀྱི་ལད་ཟློས་སྦྱོང་བརྡར་དུ་ཞུགས་པ་རེད། སློབ་ཁང་དུ་དགེ་རྒན་གྱིས་མཐའ་མཚམས་དམག་མིའི་གཏམ་རྒྱུད་བརྗོད་པ་དང་འགུལ་རིས་སྤྱད་ནས་རྒྱལ་དར་དང་དམག་གྲུ་བསྟན་ཡོད། ལག་ཤེས་ཁུལ་དུ་ཕྲུ་གུ་ཚོས་སྐར་མ་ཟུར་ལྔ་བཟོས་པ་དང་དམག་གྲུའི་རི་མོ་བྲིས་པ་སོགས་ཀྱི་བརྩམས་ཆོས་དག“རྒྱལ་སྲུང་བསམ་འདུན་གྱང”ལ་སྦྱར་བ་རེད།
ཤེས་རྟོགས་བྱུང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་། མལ་གྲོ་གུང་དཀར་རྫོང་གིས་གཞོན་ནུ་ལོ་ཆུང་གི་རྒྱལ་སྲུང་སློབ་གསོར་ཚད་མཐོའི་མཐོང་ཆེན་བྱས་ཤིང་། སློབ་གྲྭ་དང་སློབ་ཁང་དུ་རྒྱལ་སྲུང་སློབ་གསོ་ཁྱབ་གདལ་གཏོང་བར་སྐུལ་འདེད་བཏང་ནས་བྱེད་སྒོའི་རྣམ་པ་གསར་གཏོད་དང་སློབ་གསོའི་རྟེན་གཞི་ཕུན་སུམ་ཚོགས་སུ་བཏང་སྟེ། རྒྱལ་གཅེས་ཀྱི་བརྩེ་བ་ཕྲུ་གུ་ཚོའི་ཡིད་ཀྱི་ཞིང་སར་རྩ་བ་ཚུགས་པར་བྱས་པ་རེད།