《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年11月18日

རང་སྐྱོང་ལྗོངས་བཙོན་ཁང་དོ་དམ་ཅུས་ཀྱིས།

བཅའ་ཁྲིམས་ཀྱི་ཆེད་དོན་གསོ་སྦྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཁྲིམས་ཆད་ལག་བསྟར་བྱེད་པའི་རིང་གི་དོན་དངོས་ཀྱི་དཀའ་ངལ་གནད་སྨིན་ངང་བསལ་ནས་མི་དམངས་ཉེན་རྟོག་པས་ཁྲིམས་བཞིན་འགན་ནུས་སྒྲུབ་པའི་འཇོན་ཐང་ཆེ་རུ་ཏན་ཏིག་གཏོང་ཆེད། ཉེ་ཆར། རང་སྐྱོང་ལྗོང་བཙོན་ཁང་དོ་དམ་ཅུས་ཀྱིས“ཁྲིམས་ལུགས་གོང་བཀུར་སློབ་ཁྲིད”ཀྱི་མི་དམངས་ཉེན་རྟོག་པའི་བཅའ་ཁྲིམས་སློབ་ཚན་གཞི་རྟེན་དུ་བྱས་ཏེ། ལྗོངས་ཡོངས་ཀྱི་བཙོན་ཁང་ཁོངས་གཏོགས་ཀྱི་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས“དྲ་ཕྱིའི་ཚོགས་ར་གཙོ་བོ་དང་དྲ་ཐོག་གི་ཡན་ལག་ཚོགས་ར་ཟུང་དུ་འབྲེལ་བའི”རྣམ་པའི་ཐོག་ནས་ཀྲུང་དབྱང་ཁྲིམས་འཛིན་ཉེན་རྟོག་དཔོན་སློབ་གླིང་གི་དགེ་རྒན་གྱིས“རྒྱུ་ནོར་རང་བཞིན་གྱི་ཤན་འབྱེད་རྣམ་གྲངས་དང་ཁྲིམས་ཆད་ཡང་གཏོང་དང་ཚོད་བགམ་གློད་གྲོལ་དང་འབྲེལ་བའི་ལམ་སྲོལ”སྐོར་གྱི་ཆེད་དོན་སློབ་ཚན་ཁྲིད་པར་དུས་གཅིག་ཏུ་ཉན་པ་རེད།