《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年11月18日

རང་སྐྱོང་ལྗོངས་དུག་གཅོད་དོ་དམ་ཅུས་ཀྱིས།

མེ་ཟོན་འཕྲལ་སྡོམ་བདེ་འཇགས་ཀྱི་ཆེད་དོན་གསོ་སྦྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། དུག་གཅོད་ཁོངས་གཏོགས་ཀྱི་མེ་ཟོན་བདེ་འཇགས་དོ་དམ་ཆུ་ཚད་མཐོ་རུ་བཏང་སྟེ། མི་དམངས་ཉེན་རྟོག་པ་དང་ལས་བཟོའི་ཉེན་ཁ་འགོག་ཟོན་གྱི་འདུ་ཤེས་དང་མེ་ཟོན་འཕྲལ་སྡོམ་ཐག་གཅོད་བྱེད་ནུས་ཆེ་རུ་གཏོང་ཆེད། ཉེ་ཆར། རང་སྐྱོང་ལྗོངས་དུག་གཅོད་དོ་དམ་ཅུས་ཀྱིས་བོད་ལྗོངས་ཀྲེང་ཨན་མེ་ཟོན་ཤེས་བྱ་དྲིལ་བསྒྲགས་ལྟེ་གནས་ཀྱི་མཐོ་རིམ་སློབ་ཁྲིད་དམག་དཔོན་གདན་དྲངས་ཏེ་དུག་གཅོད་ཁོངས་གཏོགས་སུ་མེ་ཟོན་འཕྲལ་སྡོམ་བདེ་འཇགས་ཀྱི་ཆེད་དོན་གསོ་སྦྱོང་བྱས་པ་རེད།

ད་ཐེངས་ཀྱི་གསོ་སྦྱོང་བྱེད་སྐབས“སྔོན་འགོག་གཙོ་བོ་དང་འགོག་གསོད་ཟུང་འབྲེལ”གྱི་མེ་ཟོན་ལས་དོན་བྱེད་ཕྱོགས་ལ་དམ་པོར་དམིགས་ཏེ། དཔེ་མཚོན་གྱོད་དཔེ་དང་ཟུང་འབྲེལ་གྱིས། རྒྱུན་ཐོན་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་གྱི་གཙོ་གནད་ལ་དབྱེ་ཞིབ་དང་། མེ་ཟོན་འཕྲལ་སྡོམ་ཆེད་ལས་ཤེས་བྱ་ཁྱབ་གདལ། མེ་ཟོན་ལག་ཆ་བཀོལ་སྤྱོད་བྱེད་སྟངས་སློབ་པ་སོགས་ཕྱོགས་གསུམ་ཐད་ལ་གཙོ་གནད་ཐོག་གཞིགས་ནས་སློབ་ཁྲིད་གཏིང་ཟབ་བྱས་པ་རེད།

(ཕུར་སྒྲོན་གྱིས་བསྒྱུར། པ་ཚེས་ཞུས)