《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年11月18日

བོད་ཀྱིས་ལྐོག་ཚོང་ལ་ངོ་རྒོལ་བྱེད་པའི“རིག་གནས་སྐོར་སྐྱོད་རླངས་འཁོར་ཆེན་པོའི”བྱེད་སྒོ་ལྷ་སར་སྤེལ་བ།

འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། བོད་ཀྱིས་ལྐོག་ཚོང་ལ་ངོ་རྒོལ་བྱེད་པའི་ཕྱོགས་བསྡུས་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་ཤུགས་ཆེན་བཏང་ནས། དམངས་ཡོངས་ཞུགས་པ་དང་མཉམ་དུ་འགོག་ཟོན་གྱི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་ཆེད། ཉིན་ཤས་གོང་། “དུས་གཏན་སྲུང་སྐྱོང་བྱས་ནས་གངས་ལྗོངས་ཀྱི་རྒྱལ་སྒོ་བརྟན་པོར་བསྲུངས”ཞེས་པའི་བོད་ཀྱིས་ལྐོག་ཚོང་ལ་ངོ་རྒོལ་བྱེད་པའི“རིག་གནས་སྐོར་སྐྱོད་རླངས་འཁོར་ཆེན་པོའི”བྱེད་སྒོ་ལྷ་སར་སྤེལ་འགོ་ཚུགས་པ་རེད།

ད་ཐེངས་ཀྱི་བྱེད་སྒོར་ཁྲིམས་སྐྱོང་སློབ་གསོ་དང་སྒྱུ་རྩལ་གྱི་མཛེས་ཆོས་ཟུང་འབྲེལ་ཡག་པོ་བྱས་ཡོད་ལ་ནང་དོན་ཡང་ཕུན་སུམ་ཚོགས་པོ་ཡོད་པ་རེད། 《ལོ་ལེགས་བྱུང་བའི་སྤྲོ་སྣང》དང《རྩྭ་ཐང་ལ་བསྟོད་པ》སོགས་ངོ་མཚར་ཆེ་བའི་རིག་རྩལ་གྱི་ལེ་ཚན་རབ་དང་རིམ་པ་འཁྲབ་སྟོན་བྱས་ནས། མཐའ་ཡས་རྩྭ་ཐང་དང་སྲོག་ཆགས་ཅི་དགར་རོལ་བའི་རྣམ་པར་བསྟོད་གླུ་ཕུལ་བ་མ་ཟད། སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་བོད་ཀྱི་ཆབ་སྲིད་བརྟན་ལྷིང་དང་། སྤྱི་ཚོགས་ལྷིང་འཇགས། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན་བཅས་ཀྱི་གསོན་ཉམས་ལྡན་པའི་རྣམ་པ་དེ་བས་མངོན་པར་བྱས་ཡོད།

ད་ཐེངས་ཀྱི་བྱེད་སྒོ་འདི་ནི་རང་སྐྱོང་ལྗོངས་ལྐོག་ཚོང་ངོ་རྒོལ་གཞུང་ལས་ཁང་གིས་སྣེ་ཁྲིད་པ་དང་། ལྷ་ས་འགག་སྒོ་ལས་ཁུངས་དང་། ལྗོངས་སློབ་གསོ་ཐིང་། ལྗོངས་ཁྲིམས་འཛིན་ཐིང་། ལྗོངས་ཚོང་དོན་ཐིང་། ལྗོངས་རྡོ་ཐ་ཆེད་ཚོང་ཅུས། ལྷ་ས་དགེ་འོས་སློབ་གླིང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད།