འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་རང་སྐྱོང་ལྗོངས་བཙོན་ཁང་དོ་དམ་ཅུས་དང་། རང་སྐྱོང་ལྗོངས་བཙོན་ཁང་། རང་སྐྱོང་ལྗོངས་བཅའ་ཁྲིམས་ཁྱབ་གདལ་གཞུང་དོན་ཁང་བཅས་དང་མཉམ་དུ་རང་སྐྱོང་ལྗོངས་བཙོན་ཁང་གི་སྲིད་གཙང་སློབ་གསོའི་རྟེན་གཞིར་ཉེན་གཏོང་སློབ་གསོའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་སྤེལ་བར་རང་སྐྱོང་ལྗོངས་ཀྲུང་དབྱང་ཐད་གཏོགས་ཚན་པ་ཁག་གི་མི་90ཙམ་ཞུགས་ཡོད།
བྱེད་སྒོར་ཉེན་གཏོང་སློབ་གསོའི་གློག་བརྙན་ལ་ལྟ་བ་དང་། ཉེས་ཅན་པས་རང་ཉིད་དཔེ་རུ་དྲངས་ནས་གཞན་ལ་སློབ་གསོ་གཏོང་བ་སོགས་ཀྱི་རྣམ་པའི་ཐོག་ནས་གྱོད་དཔེ་དངོས་བསླབ་བྱར་བཟུང་སྟེ་བྱེད་སྒོར་ཞུགས་མཁན་གྱིས་ཁྲིམས་འགལ་སྒྲིག་འགལ་བྱས་པའི་མཇུག་འབྲས་ཚབས་ཆེན་ཐད་ཀར་མྱོང་ཚོར་ཐུབ་པར་བྱས་ནས་རང་རྟོགས་ངང་བསམ་བློའི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ་རེད།