ས་ཁང་བདག་ཁོངས་གང་དག་ནང་བཤུག་གཏོང་མི་ཆོག་གམ།
ལན། རང་རྒྱལ་གྱི《གྲོང་ཁྱེར་གྱི་ས་ཁང་བདག་ཁོངས་དོ་དམ་བཅའ་ཁྲིམས》ཀྱི་དོན་ཚན་38པའི་ནང་གཤམ་གསལ་གྱི་ས་ཁང་བདག་ཁོངས་ནང་བཤུག་གཏོང་མི་ཆོག་པའི་གཏན་འབེབས་བྱས་ཡོད།
(1)ནང་བཤུག་བྱེད་ཐབས་ནས་ཐོབ་པའི་ས་སྤྱོད་དབང་ཆའི་རིགས་དང་བཅའ་ཁྲིམས་འདིའི་དོན་ཚན་སོ་དགུ་པའི་ནང་གཏན་འབེབས་བྱས་པའི་ཆ་རྐྱེན་དང་མི་མཐུན་པའི་རིགས།
(2)ཁྲིམས་འཛིན་ལས་ཁུངས་དང་སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་ས་ཁང་བདག་ཁོངས་ཀྱི་ཁེ་དབང་བཀག་སྡོམ་དང་སྒོ་ཐེལ་རྒྱག་དགོས་པའི་གཏན་འབེབས་བྱས་པའམ་ཡང་ན་བྱེད་ཐབས་གཞན་གྱི་ཐོག་ནས་ཚོད་འཛིན་བྱས་པའི་ས་ཁང་བདག་ཁོངས་གི་དབང་ཆའི་རིགས།
(3)ཁྲིམས་ལྟར་ས་ཆ་སྤྱོད་དབང་ཐོབ་རིགས།
(4)ཐུན་མོང་གི་ས་ཁང་བདག་ཁོངས་ལ་ཐུན་མོང་གི་བདག་པོ་གཞན་དག་གི་ཡིག་ཐོག་ནས་མོས་མཐུན་བྱས་མེད་རིགས།
(5)བདག་དབང་ཐད་རྩོད་གཞི་ཡོད་རིགས།
(6)ཁྲིམས་ལྟར་དབང་ཆའི་ཁོངས་གཏོགས་ལག་ཁྱེར་ཐོ་འགོད་བྱས་མེད་རིགས།
(7)བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ལྟར་ནང་བཤུག་གཏན་འགོག་བྱས་པའི་གནས་ཚུལ་གཞན་བཅས་ཡིན།
ཚེ་མ་འདས་གོང་ཤུལ་བཞག་རྒྱུ་ནོར་རང་ཉིད་དང་ཁྲག་རྒྱུད་ཀྱི་འབྲེལ་བ་གང་ཡང་མེད་པའི་མིར་འཇོག་རྒྱུའི་ཁ་ཆེམས་བཞག་གི་ཡོད། དེ་ཁྲིམས་མཐུན་ཡིན་ནམ།
རང་རྒྱལ་གྱི་བཅའ་ཁྲིམས་ནང་། གལ་ཏེ་ཁ་ཆེམས་དེ་ནི་ཤུལ་འཛིན་མཁན་གྱི་བསམ་ཚུལ་ཡིན་པའི་ཐོག་ཁ་ཆེམས་ནང་དུ་བཀོད་པའི་ཤུལ་བཞག་རྒྱུ་ནོར་གྱི་བདག་དབང་དེར་དབང་བ་དང་ཤུལ་འཛིན་མཁན་གྱིས་མོས་མཐུན་བྱས་ན། ཤུལ་བཞག་རྒྱུ་ནོར་མི་སུ་འདྲ་ཞིག་ལའང་བཞག་ཆོག་ལ། མི་དེ་རང་ཉིད་དབར་ཁྲག་རྒྱུད་ཀྱི་འབྲེལ་བ་གང་ཡང་མེད་པའི་མི་ཡིན་ཆོག་པའི་གཏན་འབེབས་ཀྱང་བྱས་ཡོད།
ཚོང་སྒྱུར་ཁང་པའི་ལག་ཁྱེར་ལྔ་དང་དེབ་གཉིས་གང་ཡིན་ནམ།
ལན། “ལག་ཁྱེར་ལྔ”ནི《གཞུང་ཁོངས་ས་སྤྱོད་ལག་ཁྱེར》དང་། 《འཛུགས་སྐྲུན་ས་སྤྱོད་འཆར་འགོད་ཆོག་འཐུས་ལག་ཁྱེར》 《འཛུགས་སྐྲུན་ལས་གྲྭའི་འཆར་འགོད་ཆོག་འཐུས་ལག་ཁྱེར》 《འཛུགས་སྐྲུན་ལས་གྲྭའི་ཨར་ལས་ཆོག་འཐུས་ལག་ཁྱེར》 《ཚོང་སྒྱུར་ཁང་པ་སྔོན་འཚོང་ཆོག་འཐུས་ལག་ཁྱེར》བཅས་ཡིན། “དེབ་གཉིས”ནི《སྡོད་ཁང་གི་སྤུས་ཚད་འགན་ལེན་ཡི་གེ》དང《སྡོད་ཁང་བེད་སྤྱོད་ཀྱི་གསལ་བཤད་ཡི་གེ》ཡིན།
ཁང་འཚོང་བརྡ་ཆའི་ནང་དོན་གསར་སྤེལ་ཚོང་པས་ཁ་དན་ཚིག་གནས་བྱེད་དམ།
ལན། གལ་ཏེ་བརྡ་ཆའི་དྲིལ་བསྒྲགས་ནང་དོན་གན་རྒྱའི་ནང་བྲིས་མེད་པའམ་ཡང་ན་ཕྱིས་སུ་དྲིལ་བསྒྲགས་ནང་དོན་ཁ་དན་ཚིག་གནས་མ་བྱས་ན་གསར་སྤེལ་ཚོང་པས་སྤྱིར་ན་དེའི་རྐྱེན་གྱིས་འགན་འཁུར་མི་སྲིད། གལ་ཏེ་གསར་སྤེལ་ཚོང་པས་དཔྱད་གཞིའི་ཐོག་བྲིས་པའི་ཞིབ་ཕྲའི་ནང་དོན་ཁ་གསལ་དང་ནང་དོན་གཏན་འཁེལ་བྱས་ན། ནང་དོན་འདི་དག་གིས་ཁང་པའི་རིན་གོང་དང་ཁང་པ་ཉོ་མཁན་གྱིས་ཁང་པ་ཉོ་མིན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད། ནང་དོན་འདི་དག་གན་རྒྱའི་ནང་མ་བྲིས་ནའང་གསར་སྤེལ་ཚོང་པས་ཁ་དན་ཚིག་གནས་བྱེད་སྲིད། དེར་བརྟེན། བརྡ་ཆ་གལ་ཆེན་ཁག་གཅིག་ངེས་པར་དུ་ཉར་ཚགས་ཡག་པོ་བྱས་ཏེ། གལ་ཏེ་ཕྱིས་སུ་རྙོག་དྲ་བྱུང་ན་དཔང་རྟགས་བྱེད་ཆོག