《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年11月11日

བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་བ།

འདི་ནི་ཁང་དམར་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱི་དྲིལ་བསྒྲགས་པ་ཞིང་འབྲོག་པའི་ཁྱིམ་དུ་བསྐྱོད་དེ་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་བཞིན་པ།

འདི་ནི་གྲོ་མོ་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱི་མེ་ཟོན་མི་སྣ་ཁོངས་གཏོགས་ཁུལ་གྱི་གནས་སྤོས་ས་ཚིགས་སུ་བསྐྱོད་དེ་མེ་ཟོན་བདེ་འཇགས་དྲིལ་བསྒྲགས་གསོ་སྦྱོང་བྱེད་སྒོ་སྤེལ་བཞིན་པ།

སྟོན་དུས་དང་དགུན་དུས་ཀྱི་མེ་ཟོན་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གྱིས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བརྟན་པོ་བྱེད་ཆེད། ཉིན་ཤས་རིང་། གཞིས་རྩེ་གྲོང་ཁྱེར་མེ་གསོད་རོགས་སྐྱོབ་ཉིང་ལག་རུ་ཁག་གིས“སྟོན་དུས་ཀྱི་བདེ་འཇགས་ལས་དོན་ཡག་པོ་སྒྲུབ་པ”བརྗོད་དོན་གཙོ་བོར་བྱས་ཏེ་སྡེ་ཚན་མང་པོ་དང་མཉམ་དུ་ཞིང་འབྲོག་ཁུལ་དུ་སྟོན་མཇུག་དང་དགུན་སྟོད་ཀྱི་མེ་ཟོན་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། རིམ་རྩིས་བརྒྱབ་ན་བྱེད་སྒོ་དེ་མང་ཚོགས་མི་ཐེངས་ཁྲི་3.41ལྷག་ཙམ་ལ་ཁྱབ་པ་དང་། མངོན་མེད་རྐྱེན་ངན་སྣ་ཚོགས་620ལྷག་ཙམ་བསལ་ཏེ་ཁོངས་གཏོགས་ཁུལ་གྱི་དུས་བདེའི་འགོག་རགས་བརྟན་པོ་བསྐྲུན་པ་རེད།