འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། 2024ལོ་དང་2025ལོའི་རང་སྐྱོང་ལྗོངས་ཀྱི“དུས་རབས་གསར་པའི་ལོ་ཆུང་ཡག་པོའི”སྔོན་ཐོན་བྱས་རྗེས་ཡོངས་བསྒྲགས་མཛད་སྒོ་གཞིས་རྩེ་གྲོང་ཁྱེར་དུ་འཚོགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་དེ་ནི་ས་ཁུལ་དང་གྲོང་ཁྱེར་ཁག་ནས་འོས་སྦྱོར་དང་དེ་བཞིན་རིགས་གཅིག་མཁས་ཅན་གྱི་དཔྱད་འདེམས་སོགས་བརྒྱུད། “དུས་རབས་གསར་པའི་ལོ་ཆུང་ཡག་པོ”23གཟི་བརྗིད་ལྡན་པའི་ངང་མིང་གྲལ་དུ་ཚུད་ཡོད་པ་རེད།