《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年11月04日

མལ་གྲོ་གུང་དཀར་རྫོང་གིས་བརྗོད་དོན་གཙོ་བོའི་འཚམས་འདྲིའི་བྱེད་སྒོ་སྤེལ་བ།

འདི་ནི་འཚམས་འདྲིའི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དམངས་སྲིད་ཅུས་ཀྱིས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་དང་མཉམ་དུ“རྒན་བཀུར་ཟླ་བར་གཅེས་སྐྱོང་བྱེད། དམག་ལོག་རྒན་གྲས་དྲོ་སྐྱིད་སྦྱིན”ཞེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ཞིང་། ལོ་60དང་དེ་ཡན་གྱི་གྲོང་གསེབ་ཀྱི་དམག་ལོག་རྒན་གྲས་ཀྱི་ཚོགས་སྤྱིར་དམིགས་ནས། གཅེས་སྐྱོང་ཞབས་ཞུ་དང་སྲིད་ཇུས་འགན་ལེན་དོན་འཁྱོལ་གནད་སྨིན་བྱས་པ་རེད།

ལས་དོན་པས་དམག་ལོག་རྒན་གྲས་ལ་འཚམས་འདྲིའི་དངོས་པོ་སྤྲད་དེ་དྲོ་སྐྱིད་སྦྱིན་པ་དང་། བཀོད་སྒྲིག་འགན་ལེན་དང་། གཟིགས་སྐྱོང་ཁ་གསབ། སྨན་བཅོས་རོགས་སྐྱོབ་སོགས་ལྟེ་བའི་སྲིད་ཇུས་ལ་དམིགས་ནས་སྒྲོག་འགྲེལ་བྱས་ཤིང་། གོ་སླ་བའི་སྐད་ཆའི་ཐོག་ནས་སྲིད་ཇུས་ཀྱི་གཙོ་གནད་ལ་འགྲེལ་བཤད་བརྒྱབ་པ་དང་ཆབས་ཅིག ས་གནས་ས་ཐོག་ཏུ་དྲི་བར་ལན་བརྒྱབ་སྟེ། སྲིད་ཇུས་ཀྱི་ཁེ་སྤོགས་གཞི་རིམ་གྱི་དམག་ལོག་རྒན་གྲས་ཚོས་ལོངས་སུ་སྤྱོད་ཐུབ་པར་བྱས་པ་རེད།