《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年11月04日

ལྗོངས་ཡོངས་ཀྱིས་བུན་སྟོངས་ཀྱི་གྱོད་གཞི་སྒྲུབ་གཉེར་བྱེད་པའི་བཀོལ་སྤྱོད་དངོས་ཀྱི་གསོ་སྦྱོང་འཛིན་གྲྭའི་སློབ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། བུན་སྟོངས་གྱོད་གཞིའི་འདྲི་གཅོད་ཀྱི་སྤུས་འབྲས་དང་དོ་དམ་པའི་འགན་སྒྲུབ་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་དང་། ཉིན་བཞིན་ཚབས་ཆེ་རུ་འགྲོ་བའི་བུན་སྟོངས་གྱོད་གཞི་སྒྲུབ་གཉེར་གྱི་དགོས་མཁོ་དང་འཚམ་པར་བྱ་ཆེད། ཉེ་ཆར། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་དང་རང་སྐྱོང་ལྗོངས་ཁེ་ལས་བུན་སྟོངས་དོ་དམ་པའི་མཐུན་ཚོགས་གྲ་སྒྲིག་ཚོགས་ཆུང་གིས་ལྗོངས་ཡོངས་ཀྱི་བུན་སྟོངས་གྱོད་གཞི་སྒྲུབ་གཉེར་གྱི་བཀོལ་སྤྱོད་དངོས་ཀྱི་གསོ་སྦྱོང་འཛིན་གྲྭ་མཉམ་དུ་གཉེར་བ་དང་། ལྗོངས་ཡོངས་ཀྱི་རིམ་གསུམ་ཁྲིམས་ཁང་གི་ཁྲིམས་དཔོན་དང་ལས་རོགས་ཁྲིམས་དཔོན་40དང་ལྗོངས་ཡོངས་ཀྱི་ཁྲིམས་རྩོད་ལས་དོན་ཁང་11གི་ཁྲིམས་རྩོད་པ་བསླབ་རྒན་20གསོ་སྦྱོང་ནང་ཞུགས་པ་རེད།

ད་ཐེངས་ཀྱི་གསོ་སྦྱོང་དུས་ཡུན་ཉིན་ལྔ་ཡིན་པ་དང་། སློབ་ཚན་བཀོད་སྒྲིག་བྱེད་རྒྱུ་དེ་གྱོད་གཞི་སྒྲུབ་གཉེར་ལ་དམིགས་ནས“ཁྲིམས་དཔོན་གྱིས་འདྲི་གཅོད་ལ་སྣང་ཆེན་དང་ཁྲིམས་རྩོད་པས་བཀོལ་སྤྱོད་དངོས་ལ་སྣང་ཆེན་བྱེད་པའི”རྣམ་པ་སྤྱད་དེ་གསོ་སྦྱོང་ནང་ཞུགས་མཁན་སློབ་མའི་དངོས་འཐབ་འཇོན་ཐང་ཆེ་རུ་བཏང་བ་རེད།