《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年10月28日

བདེ་འཇགས་འཁོར་སྐྱོད་ལ་འགན་ལེན་བྱས།

འདི་ནི་ལས་དོན་པས་མེ་གསོད་ཡོ་བྱད་ལ་ཞིབ་བཤེར་བྱེད་བཞིན་པ། ཉེ་ཆར། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སི་ལྷ་ས་མེ་འཁོར་ལས་ཚུགས་ཀྱིས་མེ་ཟོན་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་ཆེན་པོ་བྱས་ཏེ“ཐར་པ་གཏན་ནས་མི་གཏོང་བའི”རྣམ་འགྱུར་ཐོག་ནས་བདེ་འཇགས་འཁོར་སྐྱོད་ལ་འགན་ལེན་བྱས་ཡོད། གྲལ་བཤེར་བྱེད་རིང་། གྲལ་བཤེར་ཚོགས་ཆུང་གིས་མེ་འགོག་དང་གློག་སྤྱོད་ཀྱི་འགག་རྩའི་ཁུལ་ཁོངས་ལ་དམིགས་ཏེ། འཁོར་གཏོང་ཁང་དང་། ཕྱོགས་བསྡུས་གཞུང་ལས་ཁང་། ཟ་ཁང་། ལས་ཤག་བཅས་གཙོ་བོར་བྱས་ནས་མེ་ཟོན་ཡོ་བྱད་ལ་སྐྱོན་ཡོད་མེད་དང་གོ་ཆོད་མིན། ཁ་འགྲེམས་བགྲོད་ལམ་ཤར་གཏོང་ཡིན་མིན། གློག་དང་སོལ་རླངས་སྤྱོད་སྟངས་ཚད་ལྡན་ཡིན་མིན་བཅས་ལ་ཞིབ་བཤེར་ཞིབ་ཕྲ་བྱས་པ་དང་། ས་གནས་ས་ཐོག་ཏུ་ཤེས་རྟོགས་བྱུང་བའི་བདེ་འཇགས་ཀྱི་མངོན་མེད་ཉེན་ཁ་རེ་རེ་བཞིན་ཐོར་བཀོད་པ་མ་ཟད། བཅོས་སྒྲིག་གྱི་འགན་འཁུར་མཁན་དང་བཅོས་སྒྲིག་དུས་བཀག་ཁ་གསལ་བཟོས་ནས་འཕྲལ་སྒྲུབ་འཕྲལ་བཅོས་བྱེད་དགོས་པའི་བླང་བྱ་བཏོན་ཏེ་མེ་སྐྱོན་གྱི་ཉེན་ཁ་ཐོན་མ་ཐག་ནས་བསལ་ཡོད།