《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年10月28日

བཅའ་ཁྲིམས་ཤེས་བྱའི་དྲི་བ་དྲིས་ལན།

གཉེན་སྒྲིག་མ་བྱས་པར་སྐྱེས་པའི་བུ་ཕྲུག་གིས་ཕ་མའི་ཤུལ་བཞག་ཤུལ་འཛིན་བྱེད་ཆོག་གམ།

བྱེད་ཆོག རང་རྒྱལ་གྱི《གཉེན་སྒྲིག་བཅའ་ཁྲིམས》ཀྱི་གཏན་འབེབས་གཞིར་བཟུང་། གཉེན་སྒྲིག་མ་བྱས་པར་སྐྱེས་པའི་བུ་ཕྲུག་ལ་གཉེན་སྒྲིག་བྱས་རྗེས་སྐྱེས་པའི་བུ་ཕྲུག་དང་དེ་མཚུངས་ཀྱི་དབང་ཆ་ཡོད་པས། མི་སུས་ཀྱང་དེའི་ཁྲིམས་མཐུན་ཁེ་དབང་ལ་མཐོང་ཆུང་དང་། འཕྲོག་པ། བཙན་གནོད་བཅས་བྱེད་མི་ཆོག་པའི་གཏན་འབེབས་བྱས་ཡོད། 《ཤུལ་འཛིན་བཅའ་ཁྲིམས》ནང་བརྗོད་པའི་བུ་ཕྲུག་ལ་གཉེན་སྒྲིག་བྱས་ནས་སྐྱེས་པའི་བུ་ཕྲུག་དང་། གཉེན་སྒྲིག་མ་བྱས་པར་སྐྱེས་པའི་བུ་ཕྲུག གསོས་ཕྲུག གསོ་སྐྱོང་གི་འབྲེལ་བ་ཡོད་པ་བཅས་ཚུད་ཡོད། 《ཤུལ་འཛིན་བཅའ་ཁྲིམས》ནང་བརྗོད་པའི་ཕ་མའི་གྲས་སུ་ཕ་མ་ངོ་མ་དང་། ཕ་གཡར་མ་གཡར། གསོ་སྐྱོང་གི་འབྲེལ་བ་ཡོད་པའི་ཕ་མ་བཅས་ཚུད་ཡོད། དེར་བརྟེན། གཉེན་སྒྲིག་མ་བྱས་པར་སྐྱེས་པའི་བུ་ཕྲུག་དང་གཉེན་སྒྲིག་བྱས་ནས་སྐྱེས་པའི་བུ་ཕྲུག་ཚང་མས་ཤུལ་འཛིན་བྱེད་སྐབས་དེ་མཚུངས་ཀྱི་དབང་ཆ་ལོངས་སྤྱོད་ཆོག་པ་དང་གཅིག་མཚུངས་ཀྱི་འོས་འགན་འཁུར་དགོས།

ཁྲིམས་ལྟར་ཤུལ་འཛིན་ཆོག་པའི་གནས་ཚུལ་འོག ཤུལ་འཛིན་པའི་གོ་རིམ་ལ་དབྱེ་བ་ཡོད་དམ།

དབྱེ་བ་ཡོད། 《ཤུལ་འཛིན་བཅའ་ཁྲིམས》ཀྱི་གཏན་འབེབས་གཞིར་བཟུང་ཤུལ་བཞག་རྒྱུ་ནོར་གཤམ་གསལ་གྱི་གོ་རིམ་ལྟར་ཤུལ་འཛིན་བྱེད་དགོས།

(1) གོ་རིམ་དང་པོ། བཟའ་ཟླ་དང་། བུ་ཕྲུག ཕ་མ།

(2) གོ་རིམ་གཉིས་པ། གཅེན་གཅུང་དང་། སྤོ་བོ་དང་རྨོ་བོ། ཤུལ་འཛིན་བྱས་རྗེས་གོ་རིམ་དང་པོའི་ཤུལ་འཛིན་པས་ཤུལ་འཛིན་བྱེད་པ་ལས་གོ་རིམ་གཉིས་པའི་ཤུལ་འཛིན་པས་ཤུལ་འཛིན་བྱེད་མི་ཆོག གོ་རིམ་དང་པོའི་ཤུལ་འཛིན་པ་མེད་ཚེ། གོ་རིམ་གཉིས་པའི་ཤུལ་འཛིན་པས་ཤུལ་འཛིན་བྱེད་ཆོག

ཕ་མེས་ཀྱིས་ཤུལ་བཞག་རྒྱུ་ནོར་རང་ཉིད་དང་ཁྲག་རྒྱུད་ཀྱི་འབྲེལ་བ་

གང་ཡང་མེད་པའི་མི་སྣར་བཞག་པའི་ཁ་ཆེམས་

དེ་ཁྲིམས་མཐུན་ཡིན་ནམ།

རང་རྒྱལ་གྱི་བཅའ་ཁྲིམས་ནང་། གལ་ཏེ་ཁ་ཆེམས་དེ་ནི་ཤུལ་འཛིན་བྱ་ཡུལ་གྱི་བསམ་ཚུལ་ཡིན་པའི་ཐོག་ཁ་ཆེམས་ནང་བཀོད་པའི་ཤུལ་བཞག་རྒྱུ་ནོར་གྱི་བདག་དབང་མི་སྣ་དེར་དབང་བ་དང་། ཤུལ་འཛིན་བྱ་ཡུལ་གྱིས་རང་གི་ཤུལ་བཞག་རྒྱུ་ནོར་མི་སུ་འདྲ་ཞིག་ལའང་བཞག་ཆོག་ལ། མི་དེ་དང་ཁྲག་རྒྱུད་ཀྱི་འབྲེལ་བ་གང་ཡང་མེད་ཀྱང་ཆོག་པའི་གཏན་འབེབས་བྱས་ཡོད།

བཅའ་ཁྲིམས་ནང་གཏན་འབེབས་བྱས་པའི་ཤུལ་འཛིན་ཆོག་པའི་ཤུལ་བཞག་རྒྱུ་ནོར་

གང་དག་ཡོད་དམ།

ཤུལ་བཞག་ཞེས་པ་ནི་སྤྱི་དམངས་གྲོངས་རྗེས་ལུས་པའི་མི་སྒེར་གྱི་ཁྲིམས་མཐུན་རྒྱུ་ནོར་ཡིན་ཞིང་། དེའི་ནང་།

(1) སྤྱི་དམངས་ཀྱི་ཡོང་འབབ་དང་།

(2) སྤྱི་དམངས་ཀྱི་ཁང་པ་དང་། གསོག་དངུལ་དང་འཚོ་བའི་མཁོ་ཆས།

(3) སྤྱི་དམངས་ཀྱི་ནགས་ཤིང་དང་། སྒོ་ཕྱུགས། ཁྱིམ་བྱ།

(4) སྤྱི་དམངས་ཀྱི་རིག་དངོས་དང་དཔེ་དེབ་དཔྱད་ཡིག

(5) བཅའ་ཁྲིམས་ཀྱིས་ཁས་བླངས་པའི་སྤྱི་དམངས་ལ་དབང་བའི་ཐོན་སྐྱེད་རྒྱུ་ཆ།

(6) སྤྱི་དམངས་ཀྱི་བརྩམས་ཆོས་དབང་ཆ་དང་ཁེ་བེད་བདག་ཐོབ་ཁྲོད་ཀྱི་རྒྱུ་ནོར་དབང་ཆ།

(7) སྤྱི་དམངས་ཀྱི་ཁྲིམས་མཐུན་རྒྱུ་ནོར་གཞན་དག་བཅས་ཚུད་ཡོད།