ཉེ་ཆར། མེ་ཏོག་རྫོང་དགུ་ཐང་ཤང་མི་དམངས་དྲག་ཆས་པུའུ་ཡིས་ཤང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ས་ཚིགས་དང་མཉམ་དུ་དགུ་ཐང་ཤང་སློབ་ཆུང་དུ“རྒྱལ་སྲུང་སློབ་གསོ་སློབ་གྲྭར་སྤེལ་བའི”བྱེད་སྒོ་གཉེར་ནས། “རྒྱལ་སྲུང་རིགས་པའི་གཞུང་ལུགས་དང་། དམག་དོན་རྩལ་ནུས། འཐབ་རྩལ་དངོས་སྦྱོང་། མེ་མདའ་ཤེས་རྟོགས་བཅས་ཟུང་དུ་འབྲེལ་བའི”ཕྱོགས་བསྡུས་བྱ་ཐབས་ཐོག་ནས་གཞོན་ནུ་ལོ་ཆུང་ཚོར་ཉམས་ལེན་ཁྲོད་ནས“མཐའ་མཚམས་སུ་ང་རང་ཡོད་པས་མེས་རྒྱལ་ཐུགས་བློ་བདེ་པོ་གནང་རོགས”ཞེས་པའི་དོན་སྙིང་ལ་ཤེས་རྟོགས་བྱེད་དུ་བཅུག་པ་རེད། འདི་ནི་དམག་ཞབས་ཐིམ་པའི་དམག་མིས་སློབ་ཆུང་སློབ་མར་འདྲ་བཟོས་མེ་མདའ་རྒྱག་སྟངས་སློབ་བཞིན་པ།