《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年10月28日

མལ་གྲོ་གུང་དཀར་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་འཕྲལ་སྡོམ་རོགས་སྐྱོབ་ནང་སྦྱོང་བྱས་པ།

འདི་ནི་ནང་སྦྱོང་བྱ་ཡུལ་ཡིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་མེ་ཟོན་འཕྲལ་སྡོམ་རོགས་སྐྱོབ་ནང་སྦྱོང་བྱས་པ་རེད།

ནང་སྦྱོང་འགོ་ཚུགས་རྗེས། མེ་ཟོན་རོགས་སྐྱོབ་པ་ཡོངས་ཀྱིས་འཕྲལ་སྡོམ་སྔོན་ཇུས་གཞིར་བཟུང་བྱ་སྤྱོད་སྤེལ་ཞིང་། བཀོད་འདོམས་པས་བཀོད་འདོམས་བཀོད་གཏོང་དང་། འཐབ་འཛིང་ཚོགས་ཆུང་ཁག་གིས་ཁག་བགོས་གཞོགས་འདེགས་བྱས་ཏེ། མེ་སྐྱོན་གནོད་འཚེ་མྱུལ་ཞིབ་དང་། ནང་རྒོལ་མེ་གསོད། ཉེན་སེལ་ཉེན་བཤེར། མེ་ཟོན་ཤེས་བྱ་ཁྱབ་གདལ་སོགས་ཀྱི་ལྷུ་ཚིགས་ལེགས་པར་བསྒྲུབས་ནས། བརྒྱུད་རིམ་གོ་རིམ་ལྡན་ཞིང་བཀོལ་སྤྱོད་ཚད་དང་མཐུན་པར་བྱས་ཡོད།

ད་ཐེངས་ཀྱི་ནང་སྦྱོང་ཁྲོད་དུ་རུ་ཆེན་གྱི་འཕྲལ་སྡོམ་སྔོན་ཇུས་ཀྱི་ཆོག་འཐུས་རང་བཞིན་དང་དམིགས་སའི་རང་བཞིན་ལ་ཚོད་བགམ་བྱས་པ་དང་། བཀོད་འཐབ་པ་ཡོངས་ཀྱི་དམག་གྲབས་འདུ་ཤེས་ཟབ་ཏུ་དང་མཉམ་སྡེབ་དམག་འཐབ་ནུས་པ་ཆེ་རུ་བཏང་ནས། འཕྲལ་སྡོམ་རོགས་སྐྱོབ་ལས་འགན་སྒྲུབ་པར་རྨང་གཞི་བཏིང་བ་རེད། རུ་ཆེན་གྱི་འགན་འཁུར་བས། རྒྱུན་རྣམ་ཅན་དང་དམག་འཐབ་ཅན་གྱི་ནང་སྦྱོང་མུ་མཐུད་བྱས་ཏེ། འཕྲལ་སྡོམ་རྣམ་པ་རྒྱུན་འཁྱོངས་ཀྱིས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།