འདི་ག་ཚགས་པར་ཁང་དུ་སྤུ་ཧྲེང་ནས་གློག་འཕྲིན་འབྱོར་གསལ། གཞི་རིམ་བཅོས་སྐྱོང་གི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་བྱང་ཚད་མཐོ་བ་དང་ལས་སྒོའི་འཇོན་ཐང་ཆེ་བའི་དྲ་མིག་པའི་དཔུང་ཁག་འཛུཌ་སྐྱོང་བྱེད་པ། “དྲ་མིག་ཆུང་ངུའི”གཞི་རིམ་བཅོས་སྐྱོང་ཁྲོད་ཀྱི“ནུས་པ་ཆེན་པོ”འདོན་སྤེལ་གང་ལེགས་བཅས་བྱ་ཆེད། ཉེ་ཆར། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱིས་དུས་ཚིགས་གསུམ་པའི་དྲ་མིག་པའི་དཔུང་ཁག་ལ་གསོ་སྦྱོང་བྱས་པ་རེད།
ད་ཐེངས་ཀྱི་གསོ་སྦྱོང་ནི། དྲ་མིག་ལས་དོན་པའི་འགན་སྒྲུབ་ཀྱི་ལྟེ་བའི་དགོས་མཁོར་དམིགས་ནས་གཙོ་བོ་གཞི་རིམ་བཅོས་སྐྱོང་དང་། ངལ་རྩོལ་གན་རྒྱའི་བཅའ་ཁྲིམས། བདེ་འཇགས་དོ་དམ་དང་སྲུང་སྐྱོང་སོགས་དྲ་མིག་ཅན་གྱི་དོ་དམ་ལས་གཞི་རིམ་བཅོས་སྐྱོང་ཁྲོད་ཀྱི་ནུས་པར་འགྲེལ་བཤད་བརྒྱབ་པ་དང་དྲ་མིག་ལས་དོན་པ་ནི་ཏང་ཨུད་སྲིད་གཞུང་དང་མང་ཚོགས་ཀྱི་འགན་འཁྲི་ཡིན་པའི་ངེས་གནས་ཁ་གསལ་བཟོས་ཡོད་པ་རེད།