《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年10月28日

པར་རིས་གསར་འགྱུར།

ཉེ་ཆར། མལ་གྲོ་གུང་དཀར་རྫོང་ཐང་སྐྱ་ཤང་གིས“མི་ཚང་མས་བདེ་འཇགས་ལ་སྣང་ཆེན་དང་མི་ཚང་མས་འཕྲལ་སྡོམ་བྱེད་ཤེས་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ནས། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་སྤེལ་ཡུལ་དུ། ལས་བྱེད་ལས་བཟོ་ཚོས་མང་ཚོགས་ཀྱི་བདེ་འཇགས་ཀྱི་དགོས་མཁོར་དམིགས་ནས། ཡོམ་འགོག་གེགས་སེལ་སྐོར་གྱི་འཕྲལ་སྡོམ་ཤེས་བྱ་དང་འཕྲོད་བསྟེན་བདེ་ཐང་སྐོར་གྱི་རྒྱུན་ཤེས་ཁྱབ་གདལ་བཏང་བ་མ་ཟད། གོ་བདེ་བའི་སྐད་ཆའི་ཐོག་ནས་སྤྱོད་གོ་ཆོད་པའི་ཉེན་གཡོལ་རྩལ་ནུས་ཀྱང་བསླབས་པ་རེད། འདི་ནི་ལས་བྱེད་ལས་བཟོ་ཚོས་མང་ཚོགས་ལ་ཡོམ་འགོག་གེགས་སེལ་དང་འཕྲོད་བསྟེན་བདེ་ཐང་སྐོར་གྱི་ཤེས་བྱ་ཁྱབ་གདལ་གཏོང་བཞིན་པ།