《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年10月21日

༄༅། །སྒྲ་སྙན་ལ་དགའ་བའི་འུ་གཉིས།

བསོད་ནམས་རྡོ་རྗེ།

སྒྲ་སྙན་ནི་འུ་གཉིས་ཀྱི་སེམས་པ་སྦྲེལ་བའི་རྒྱུད་སྐུད་རེད། སྒྲ་སྙན་ཡོད་པ་ནས། འུ་གཉིས་ཀྱི་གཏམ་རྒྱུད་ཀྱི་སྣེ་མོ་ལ། བདེ་སྐྱིད་ཀྱི་དབྱངས་རྟས་བརྒྱན།

སྒྲ་སྙན་དཀྲོལ་བ་ནས། འུ་གཉིས་ཀྱི་ནང་སེམས་ལ། དགའ་སྐྱིད་ཀྱི་མཚོ་མོ་འཁྱིལ། སྒྲ་སྙན་ཡོད་རྐྱེན། འུ་གཉིས་ཀྱི་འཇིག་རྟེན་ལ། སྡུག་གི་ན་བུན་དབེན། ལས་ཀྱི་རླུང་རྟ་དར།

སྒྲ་སྙན་ལ་དུངས་པས། ཡིད་མཐུན་གྱི་འུ་གཉིས། འཇིག་རྟེན་འདི་ནས་ངོ་ཤེས་ཤིང་། ལས་འཕྲོའི་མེ་ཏོག་ཀྱང་ལེགས་པར་བཞད།

སྒྲ་སྙན་འདིས། བརྩེ་དུང་ཅན་གྱི་མི་དེ་གཉིས་ལྷན་འཛོམས་བྱུང་ལ། སྒྲ་སྙན་དེའི་དབང་གིས། འུ་གཉིས་ཀྱང་བདེ་སྐྱིད་ཀྱི་དབྱངས་རྟའི་ཁྲོད་དུ་བདེ་བས་བཟི།