《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年10月21日

2025ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་སྐྱོང་འཛུགས་སྐྱོང་གི་ལྟ་ཞིབ་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་རང་སྐྱོང་ལྗོངས་ཏང་ཨུད་ཁྲིམས་ལྟར་བོད་སྐྱོང་གཞུང་ལས་ཁང་གིས་ལོ་འཁོར་གྱི་ཁྲིམས་སྐྱོང་འཛུགས་སྐྱོང་གི་ལྟ་ཞིབ་ལས་དོན་སྤེལ་འགོ་ཚུགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྤྱི་ཚོགས་འཛུགས་སྐྱོང་ཨུ་ལྷན། རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་། རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བ་ཚོགས་འདུར་ཞུགས་པ་དང་ལྟ་ཞིབ་ཚོགས་ཆུང་ཁག་གི་ཁོངས་མི་ཡོངས་ཚོགས་འདུར་ཞུགས་ཡོད།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ལས་ཀའི་སྒྲིག་ཁྲིམས་ནན་པོ་བསྲུངས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱེད་ཐབས་ལ་བརྩི་སྲུང་ནན་པོ་ཞུས་ནས་མི་ཉུང་སྟབས་བསྡུས་དང་སྤྱོད་གཙང་རང་འདོམས་བྱས་ཏེ་ལྟ་ཞིབ་ལས་འགན་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་དགོས།