《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年10月21日

བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་གི་འོས་འགན་སྨན་བཅོས་བྱེད་སྒོས་མི་7000ལྷག་ཙམ་ལ་ཕན་པ་བསྐྲུན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གསར་འགོད་པར་བོད་དམག་ཁུལ་ཁང་སྤྱི་ཁྱབ་སྨན་ཁང་ནས་ཤེས་རྟོགས་བྱུང་བར། 2025ལོའི“མི་སེར་གྱི་བདེ་ཐང་ལ་ཞབས་འདེགས་ཞུ་བའི་བྱ་སྤྱོད”ཅེས་པའི་རྒྱལ་ཡོངས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོའི་གཟའ་འཁོར་ཆེ་གྲས་ཀྱི་བཀོད་སྒྲིག་དང་ལེན་ཧུར་ཐག་བྱ་ཆེད། སྨན་ཁང་དེ་དང་དེའི་ཁོངས་གཏོགས་སྨན་ཁང་གིས་ཉེ་ཆར་གཞི་རིམ་དཔུང་སྡེ་དང་གྲྭ་བཞི་སྡེ་ཁུལ་དུ་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་ནས་མང་ཚོགས་ལ་སྒོ་རྩར་སྨན་བཅོས་ཞབས་ཞུ་སྤུས་ལེགས་ཞུས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོར་ཁྱོན་མི་7760ལྷག་ཙམ་ལ་སྨན་བཅོས་བྱས་པ་དང་སྨན་སྒམ་ཆུང(འགྱིག་དམ)5500ལྷག་ཙམ་རིན་མེད་ངང་སྤྲད་པ་རེད།