འདི་ག་ཚགས་པར་ཁང་དུ་དིང་རི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་དིང་རི་རྫོང་མི་དམངས་ཁྲིམས་ཁང་གིས་འཛུགས་སྐྲུན་ལས་གྲྭའི་ཨར་སྐྲུན་གན་རྒྱའི་རྩོད་གཞི་ཞིག་བདེ་བླག་ངང་ལག་བསྟར་མཐའ་འདོམས་བྱས་ཤིང་། གྱོད་ཁོངས་སུ་བཅུག་པ་ནས་ལག་བསྟར་བྱེད་པའི་བར་ཉིན་13ལས་འགོར་མེད་པས་ལག་བསྟར་རེ་བ་ཞུ་མཁན་ལ་ལག་བསྟར་གྱོད་གཞིའི་གྲོན་དངུལ་སྒོར་2883821.46གྲངས་ཚང་སྤྲད་པ་རེད།