《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年09月16日

བཅའ་ཁྲིམས་ཤེས་བྱའི་དྲི་བ་དྲིས་ལན།

བཅའ་ཁྲིམས་ནང་ཁྱོ་ཤུག་གི་ཁེ་དབང་དང་འོས་འགན་གང་དག་གཏན་འབེབས་བྱས་ཡོད་དམ།

(1)ཁྱིམ་ཚང་ནང་ཁྱོ་ཤུག་གི་གནས་བབ་འདྲ་མཉམ་ཡིན། (2)ཁྱོ་ཤུག་གཉིས་ཀར་རང་རང་གི་མིང་སྤྱོད་པའི་དབང་ཆ་ཡོད།

(3)ཁྱོ་ཤུག་གཉིས་ཀ་ཐོན་སྐྱེད་དང་། ལས་ཀ སློབ་སྦྱོང་། སྤྱི་ཚོགས་ཀྱི་བྱེད་སྒོ་བཅས་ལ་ཞུགས་པའི་རང་དབང་ཡོད་པས། གཅིག་གིས་གཅིག་ལ་བཀག་འགོག་བྱེད་པའམ་ཡང་ན་ཐེ་ཇུས་བྱེད་མི་ཆོག

(4)ཁྱོ་ཤུག་ཕྱོགས་གཉིས་ཀར་འཆར་ལྡན་བུ་བཙའ་ལག་བསྟར་བྱེད་པའི་འོས་འགན་ཡོད།

(5)ཁྱོ་ཤུག་གཉིས་ཀར་ཐུན་མོང་གི་རྒྱུ་ནོར་ལ་འདྲ་མཉམ་ངང་ཐག་གཅོད་བྱེད་པའི་དབང་ཆ་ཡོད་པ་དེར་ཕྱོགས་གཉིས་ཀྱི་ཡོང་འབབ་མཐོ་དམན་གྱི་ཤུགས་རྐྱེན་ཐེབས་མི་ཆོག

(6)ཁྱོ་ཤུག་དབར་ཕན་ཚུན་སྐྱོང་གསོ་བྱེད་པའི་འོས་འགན་ཡོད།

(7)ཁྱོ་ཤུག་གཉིས་ཀར་ཕན་ཚུན་ཤུལ་བཞག་རྒྱུ་ནོར་ཤུལ་འཛིན་བྱེད་པའི་དབང་ཆ་ཡོད།

བཅའ་ཁྲིམས་ནང་གནས་ཚུལ་གང་དག་ཡོད་ན་གཉེན་སྒྲིག་བྱེད་ཆོག་གི་མེད་དམ། རང་རྒྱལ་གྱི་བཅའ་ཁྲིམས་ནང་གཤམ་གསལ་གྱི་གནས་ཚུལ་ཡོད་ན་གཉེན་སྒྲིག་བྱེད་མི་ཆོག་པའི་གཏན་འབེབས་བྱས་ཡོད་པ་སྟེ།

(1)སྤུན་མཆེད་ཡིན་པའམ་ཡང་ན་མི་རབས་གསུམ་གྱི་སྤུན་མཆེད་ཀྱི་འབྲེལ་བ་ཡོད་རིཌ་དང་།

(2)གཉེན་སྒྲིག་བྱེད་མི་ཆོག་པའི་ནད་གཞི་ཡོད་པ། (དཔེར་ན་འགོ་བའི་དུས་ཀྱི་མཆིན་ཚད་ཁ་པའི་ནད་པ་དང་། ཨེ་ཙིའི་ནད་པ། རིག་རྟུལ་ནད་པ། སྨྱོ་ནད་ཚབས་ཆེ་བའི་ནད་པ་བཅས་ཡིན)

གནས་ཚུལ་གང་དག་གཉེན་སྒྲིག་རྩིས་མེད་ཀྱི་ཁོངས་སུ་གཏོགས་སམ།

(1)ཟླ་ཡོད་གཉེན་སྒྲིག་བྱེད་རིགས་དང་།

(2)གཉེན་སྒྲིག་བྱེད་མི་ཆོག་པའི་གཉེན་ཉེའི་འབྲེལ་བ་ཡོད་རིགས།

(3)གཉེན་སྒྲིག་མ་བྱས་གོང་གསོ་རིག་གིས་གཏན་ལ་ཕབ་པའི་གཉེན་སྒྲིག་བྱེད་མི་ཆོག་པའི་ནད་གཞི་ཡོད་པ་དང་གཉེན་སྒྲིག་བྱས་རྗེས་ད་དུང་དྲག་སྐྱེད་བྱུང་མེད་རིགས།

(4)ཁྲིམས་གཏན་གྱི་གཉེན་སྒྲིག་ལོ་ཚད་ལ་སླེབས་མེད་རིགས〈ཞིབ་གཅོད་བྱེད་སྐབས་གཉེན་སྒྲིག་གི་ལོ་ཚད་ཁྲིམས་གཏན་གྱི་ལོ་ཚད་དང་མཐུན་ན་གཉེན་སྒྲིག་བྱེད་ཆོག〉བཅས་ཡིན།

སློབ་ཆེན་འགྲིམ་བཞིན་པའི་ཞའོ་མིང་ལོ་19ཡིན་པ་དང་དགའ་རོགས་ཞའོ་ཅོན་མཐོ་རིམ་སློབ་འབྲིང་གསུམ་པའི་སློབ་མ་ཡིན་པ་དང་ལོ་18རེད།

ཁོང་གཉིས་ད་ལྟ་གཉེན་སྒྲིག་བྱས་ན་འགྲིག་གམ།

རང་རྒྱལ་གྱི་བཅའ་ཁྲིམས་ནང་གཉེན་སྒྲིག་གི་ལོ་ཚད་དེ། བུ་ལོ་ཉེར་གཉིས་ལས་སྔ་མི་རུང་བ་དང་བུ་མོ་ལོ་ཉི་ཤུ་ལས་སྔ་མི་རུང་བའི་གཏན་འབེབས་བྱས་ཡོད།

གཉེན་སྒྲིག་བཅའ་ཁྲིམས་གསར་པའི་ནང་གཉེན་སྒྲིག་ཕྱིར་འཐེན་བྱེད་

ཆོག་པའི་གཏན་འབེབས་

བྱས་ཡོད་དམ།

གཏན་འབེབས་བྱས་ཡོད། བཙན་ཤེད་དབང་གིས་གཉེན་སྒྲིག་བྱེད་དགོས་བྱུང་རིགས་ལ། བཙན་ཤེད་ཕོག་པའི་ཕྱོགས་ཀྱིས་གཉེན་སྒྲིག་ཐོ་འགོད་ལས་ཁུངས་སམ་ཡང་ན་མི་དམངས་ཁྲིམས་ཁང་ལ་གཉེན་སྒྲིག་ཕྱིར་འཐེན་བྱ་རྒྱུའི་རེ་ཞུ་འདོན་ཆོག བཙན་ཤེད་ཕོག་པའི་ཕྱོགས་ཀྱིས་གཉེན་སྒྲིག་ཕྱིར་འཐེན་བྱ་རྒྱུའི་རེ་ཞུ་དེ་གཉེན་སྒྲིག་ཐོ་འགོད་བྱས་ཉིན་ནས་བཟུང་གི་ལོ་གཅིག་གི་ནང་འདོན་དགོས། ཁྲིམས་འགལ་ངང་མི་ལུས་རང་དབང་ལ་ཚོད་འཛིན་ཕོག་པའི་དོ་བདག་གིས་གཉེན་སྒྲིག་ཕྱིར་འཐེན་བྱ་རྒྱུའི་རེ་ཞུ་དེ་མི་ལུས་རང་དབང་སླར་གསོ་བྱས་ཉིན་ནས་བཟུང་གི་ལོ་གཅིག་གི་ནང་འདོན་དགོས།