《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年09月16日

གསེར་རྙེད་ཆུས་མི་དམངས་ཁྲིམས་ཁང་གིས་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།

འདི་ག་ཚགས་པར་ཁང་དུ་གསེར་རྙེད་ནས་གློག་འཕྲིན་འབྱོར་གསལ། 2025ལོའི་ནག་ཆུ་གྲོང་ཁྱེར་གྱི་འཆར་ཅན་རྟ་རྒྱུག་དུས་ཆེན་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་གེ་སར་རྟ་རྒྱུག་ཐང་དུ་འགོ་ཚུགས་ཤིང་། ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་མི་དམངས་ཁྲིམས་ཁང་གི་ཁྲིམས་སྐྱོང་དྲིལ་བསྒྲགས་རུ་ཁག་གིས་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་འབྲོག་པའི་རིག་གནས་ཀྱི་ཁྱད་ཆོས་དང་ཁྲིམས་སྐྱོང་གི་དགོས་མཁོ་དང་དམ་ཟབ་བསྟུན་པ་དང་། སྲོལ་རྒྱུན་རྟ་རྒྱུག་དུས་ཆེན་ལ་མི་འབོར་མང་བ་དང་ཞུགས་ཚད་མཐོ་བའི་གོ་སྐབས་ལ་བརྟེན་ཏེ་རྣམ་པ་སྣ་ཚོགས་དང་བརྗོད་དོན་ཁ་གསལ་བའི་ཁྲིམས་སྐྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད། ས་ཁོངས་ཀྱི་རིག་གནས་དང་མཉམ་འདྲེས་གཏིང་ཟབ་བྱས་པ་བརྒྱུད། མང་ཚོགས་ཀྱིས་སྤྲོ་སྣང་ལྡན་པའི་ཁོར་ཡུག་ཁྲོད་ཁྲིམས་སྦྱོང་ཐུབ་པས། “ཁྲིམས་སྐྱོང་དྲིལ་བསྒྲགས་ལ་བརྟེན་ནས་ཁྲིམས་ལུགས་ཁྱབ་གདལ་མི་སེམས་ལ་ཟུག་ཐུབ་པ”བྱུང་བ་རེད།

(པ་ཚེས་བསྒྱུར། པ་ཚེ་དང་ཚེ་ལྷས་ཞུས)