འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཐ་མག་ཁྲོམ་རའི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་ཆེད། ཉེ་ཆར། བོད་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་ཀྱིས་སྤྱི་བདེ་སྡེ་ཚན་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་ལམ་དུམ་གཙོ་བོ་དང་འགྲིམ་འགྲུལ་ལྟེ་གནས་སོགས་ས་ཁོངས་སུ་ཆེད་དོན་ཁྲིམས་སྒྱུར་བྱ་སྤྱོད་སྤེལ་ཞིང་། ཟླ་8ཚེས་14ནས་19ཉིན་བར། རྡོ་ཐ་ཆེད་ཚོང་ཐོན་རྫས་ཀྱི་སྐྱེལ་འདྲེན་ཆོག་འཐུས་ལག་ཁྱེར་མེད་པའི་རྡོ་ཐ་ཆེད་ཚོང་ཐོན་རྫས་སྐྱེལ་འདྲེན་བྱས་པའི་གྱོད་གཞི་ཁག་4བསྟུད་མར་རྩད་ཆོད་པ་རེད།