ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་ཁྲལ་རིན་གཟིགས་སྐྱོང་སྲིད་ཇུས་ཁྲིམས་འགལ་ངང་ལོངས་སུ་སྤྱད་པའི་ཁྲིམས་འགལ་གྱོད་གཞི་ཁག་4སླར་ཡང་དམར་རྗེན་དུ་བཏོན་པ་དེ་དག་ཕྲན་ཚེགས་ཁེ་ལས་ཀྱི་ཁྲལ་རིན་གཟིགས་སྐྱོང་སྲིད་ཇུས་ཁྲིམས་འགལ་ངང་ལོངས་སུ་སྤྱད་པ་དང་། གནས་ཐང་འཕར་ཁྲལ་གྱི་སྣོན་རྩིས་གཅོག་འཕྲིའི་སྲིད་ཇུས་ལོངས་སུ་སྤྱད་པ། ཞིང་ལས་དང་འབྲེལ་བའི་ཁྲལ་རིན་གཟིགས་སྐྱོང་སྲིད་ཇུས་ཁྲིམས་འགལ་ངང་ལོངས་སུ་སྤྱད་པ། ཡོང་འབབ་བགོ་འགྲེམས་ལ་ཁ་གཡར་ནས་གཞི་ཁྱོན་ཆུང་བའི་ཁྲལ་འཇལ་བའི་ཁྲལ་རིན་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱད་པ་སོཌ་དང་འབྲེལ་བ་ཡོད་པ་རེད།