འདི་ག་ཚགས་པར་ཁང་དུ་ལྷུན་གྲུབ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱིས་སྤྱི་བདེ་ལས་ཁུངས་ཀྱི་ལྟ་སྡོམ་སྟོབས་ཤུགས་ལ་བརྟེན་ནས“སྒལ་རལ་པ”གཉིས་བཟུང་སྟེ། གྱོད་འབྲེལ་དངུལ་ཚང་མ་ཕྱིར་སློག་བྱ་རྒྱུར་སྐུལ་འདེད་བཏང་བས། རེ་འདུན་ཞུ་མཁན་གྱི་བསྔགས་བརྗོད་ཆེན་པོ་ཐོབ་པ་རེད། ཉིན་གཉིས་ཀྱི་རྗེས་སུ། རེ་འདུན་ཞུ་མཁན་ཆེད་མངགས་ཁྲིམས་ཁང་དུ་ཡོང་ནས་ལས་བྱེད་ཉེན་རྟོག་པར་གོས་དར་ཕུལ་ཏེ་ཐུགས་རྗེ་ཆེ་ཞུས་པ་རེད།
ཤེས་རྟོཌ་བྱུང་བར་གཞིགས་ན། ལག་བསྟར་བྱ་ཡུལ་དེ་གཉིས་ལ་ཁྲིམས་གཅོད་བྱས་རྗེས། “གར་སོང་ཆ་མེད་དུ་གྱུར”ཡོད། ཁྲིམས་ཁང་གིས་འབོད་འགུག་ཐེངས་མང་བྱས་པ་དང་ཞིབ་བཤེར་ཚོད་འཛིན་བྱས་ཀྱང་འབྲས་བུ་ཐོན་མེད། གྱོད་གཞི་ལག་བསྟར་བྱེད་རིང་། ལག་བསྟར་བྱ་ཡུལ་ཡུན་རིང་བྲོས་བྱོལ་དུ་ཕྱིན་ནས་འོས་འགན་བསྒྲུབས་མེད་པས། ལག་བསྟར་ལས་དོན་ལ་དཀའ་ངལ་ཆེ་ཙམ་འཕྲས་ཡོད། རེ་འདུན་ཞུ་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱ་ཆེད། ལག་བསྟར་ཅུས་ཀྱིས་སྡེ་ཚན་བརྒལ་བའི་མཉམ་ལས་ལམ་སྲོལ་ལག་བསྟར་བྱས་ནས་སྤྱི་བདེ་ལས་ཁུངས་ལ་ལྟ་སྡོམ་གྱི་རེ་ཞུ་བརྒྱུད་སྤྲོད་བྱས་པ་རེད། ཚོད་འཛིན་བྱས་རྗེས་ལག་བསྟར་བྱ་ཡུལ་བྲོས་བྱོལ་དུ་འགྲོ་བསམ་པ་རྩ་བ་ནས་མེད་པར་གྱུར། བཅའ་ཁྲིམས་ཀྱི་ཟིལ་རྔམ་དང་ལག་བསྟར་བྱེད་མཁན་ལས་བྱེད་ཉེན་རྟོག་པས་ངང་རྒྱུད་རིང་པོས་བཅའ་ཁྲིམས་ལ་འགྲེལ་བཤད་གསལ་པོ་བརྒྱབ་པས། ལག་བསྟར་བྱ་ཡུལ་གྱིས་དེ་འཕྲལ་གྱོད་འབྲེལ་དངུལ་ཚང་མ་ཕྱིར་སློག་བྱས་པ་རེད།
གྱོད་གཞི་བདེ་བླག་ངང་ལག་བསྟར་མཐའ་འདོམ་བྱས་རྗེས། རེ་འདུན་ཞུ་མཁན་གྱིས་ལག་བསྟར་བྱེད་མཁན་ལས་བྱེད་ཉེན་རྟོག་པར་ཐུགས་རྗེ་ཆེ་ཞུ་ཆེད། གོས་དར་ཞིག་བཟོས་ནས་ལྷུན་གྲུབ་རྫོང་མི་དམངས་ཁྲིམས་ཁང་ལ་ཕུལ་བ་རེད། ད་རེས་ཀྱི་གྱོད་གཞི་བདེ་བླག་ངང་ལག་བསྟར་བྱས་པ་ལས་ཁྲིམས་ཁང་དེའི་ལག་བསྟར་ཚོགས་པའི་ཆེད་ལས་ནུས་པ་དང་ལས་བརྩོན་སྙིང་སྟོབས་གང་ལེགས་མངོན་ཡོད་པ་རེད།