《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年09月09日

དམངས་དོན་ཁྲིམས་གཞུང་སྐོར་གྱི་དྲི་བ་དྲིས་ལན།

བརྙན་འཕྲིན་གསར་འགྱུར་གྱི་ནང་དོན་ཁག་གཅིག་བདེན་པ་མིན་པའི་རྐྱེན་གྱིས་མི་གཞན་གྱི་མིང་གྲགས་ཁེ་དབང་ལ་གནོད་འཚེ་ཕོག་ཚེ་ཐག་གཅོད་ཇི་ལྟར་བྱེད་དགོས་སམ།

དོན་ཚན་ཆིག་སྟོང་དང་ཉེར་བརྒྱད་པ། དམངས་དོན་བྱེད་པོར་དུས་དེབ་དང། དྲ་བ་སོགས་སྨྱན་སྦྱོར་ཐོག་སྤེལ་བའི་ནང་དོན་བདེན་པ་མིན་པའི་རྐྱེན་གྱིས་རང་ཉིད་ཀྱི་མིང་གྲགས་ཁེ་དབང་ལ་གནོད་འཚེ་ཕོག་ཚེ་བདེན་དཔང་ཐུབ་ན། དམངས་དོན་བྱེད་པོར་སྨྱན་སྦྱོར་དེར་དུས་ཐོག་ཏུ་ནང་དོན་ཐད་ནོར་བཅོས་སམ་བསུབ་དགོས་པའི་རེ་འདུན་ཞུ་དབང་ཡོད།

ཁྲིམས་ལུགས་འཆད་སྟེགས།

གསར་འགྱུར་གནས་ཚུལ་སྤེལ་གཏོང་བྱེད་པར་དུས་བཀག་རང་བཞིན་ལྡན་ཡོད། གལ་ཏེ་གནོད་འཚེ་ཕོག་མཁན་གྱིས་བདེན་པ་མིན་པའི་ནང་དོན་ཐད་ནོར་བཅོས་བྱེད་དགོས་པའི་རེ་འདུན་ཞུས་ཚེ་སྨྱན་སྦྱོར་ཚན་པས་དུས་ཐོག་ཏུ་ནོར་བཅོས་བྱས་ཚེ་མིང་གྲགས་ཁེ་དབང་ལ་གནོད་འཚེ་ཕོག་ཚད་དམའ་ཤོས་སུ་གཏོང་ཐུབ་ལ། སྤྱི་དམངས་ལ་ཤུགས་རྐྱེན་ཐེབས་ཤུགས་ཀྱང་ཆུང་དུ་གཏོང་ཐུབ། དེར་བརྟེན་ཚགས་པར་དང་། དུས་དེབ། དྲ་རྒྱ་སོགས་སྨྱན་སྦྱོར་ཐོག་གནས་ཚུལ་སྤེལ་བའི་ནང་དོན་དེ་བདེན་པ་མིན་པར་གཞན་གྱི་མིང་གྲགས་ཁེ་དབང་ལ་གནོད་འཚེ་ཕོག་ཚེ་གནོད་འཚེ་ཕོག་མཁན་གྱིས་སྨྱན་སྦྱོར་དེར་དུས་ཐོག་ཏུ་ནང་དོན་ཐད་ནོར་བཅོས་སམ་བསུབ་དགོས་པའི་རེ་འདུན་ཞུ་དབང་ཡོད། གལ་ཏེ་སྨྱན་སྦྱོར་གྱིས་དུས་ཐོག་ཏུ་ནོར་བཅོས་མ་བྱས་ཚེ་གནོད་འཚེ་ཕོག་མཁན་གྱིས་དུས་བཀག་ནང་མི་དམངས་ཁྲིམས་ཁང་ལ་སྨྱན་སྦྱོར་དེས་འགན་འཁྲི་སྒྲུབ་དགོས་པའི་རེ་འདུན་ཞུ་དབང་ཡོད།