《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年09月09日

ས་མཐོའི་གཞུང་ལམ་གངས་ལྗོངས་མི་དམངས་ཀྱི“བདེ་སྐྱིད་ལམ་བུར”གྱུར་པ།

འདི་ནི་བོད་ལྗོངས་S5ལམ་ཐིག་ལྷ་ས་ནས་རྩེད་ཐང་བར་གྱི་རིམ་མཐོའི་གཞུང་ལམ་ཐོག་རླངས་འཁོར་སྐྱོད་བཞིན་པ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་གཞུང་ལམ་འཛུགས་སྐྲུན་བྱ་འཕུར་བ་ལྟར་འཕེལ་རྒྱས་མྱུར་པོ་བྱུང་ཡོད། 2012ལོ་ནས་2024ལོ་བར། རིམ་རྩིས་བརྒྱབ་ན་བོད་ཀྱིས་གཞུང་ལམ་འགྲིམ་འགྲུལ་གྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་4019.25ཟིན་པ་དང་། གཞུང་ལམ་གྱི་སྤྱིའི་ལམ་ཚད་2012ལོའི་སྤྱི་ལེ་ཁྲི་6.52ནས་2024ལོའི་ལོ་མཇུག་གི་སྤྱི་ལེ་ཁྲི་12.49བར་མང་དུ་ཕྱིན་ཡོད།