《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年09月09日

རང་ལྗོངས་ཀྱི་ཁག་དང་པོའི་བོད་ལུགས་གསོ་རིག་གི་སྨན་སྦྱོར་ བ་8ལ་ལས་གཉེར་ཐོབ་ཐང་ལག་ཁྱེར་རག་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཅུས་ཀྱིས་བོད་ལུགས་གསོ་རིག་གི་སྨན་སྦྱོར་བ་8ལ་བོད་ལུགས་གསོ་རིག་གི་སྨན་སྦྱོར་བའི་ལས་གཉེར་ཐོབ་ཐང་ལག་ཁྱེར་སྤྲད་པ་དེ་ནི་རང་སྐྱོང་ལྗོངས་ཀྱི་བོད་ལུགས་གསོ་རིག་གི་སྨན་སྦྱོར་བའི་ལས་གཉེར་ཐོབ་ཐང་རག་མཁན་ཁག་དང་པོ་དེ་ཡིན་ཞིང་། དེ་ཐོག་ནས་བོད་ཀྱིས་རྒྱལ་ཡོངས་སུ་བོད་སྨན་ཆེད་ལས་ཤེས་ལྡན་པའི་ཁས་ལེན་མ་ལག་ཐོག་མར་བཙུགས་ཏེ་ལོ་ངོ་སྟོང་གི་བོད་ལུགས་གསོ་རིག་དང་བོད་སྨན་རྒྱུན་འཛིན་དང་འཕེལ་རྒྱས་དེ་ཚད་ལྡན་ཅན་དང་ཆེད་ལས་ཅན་གྱི་དུས་མཚམས་གསར་པར་སླེབས་པ་མཚོན་གྱི་ཡོད་པ་རེད།

བོད་ལུགས་གསོ་རིག་དེང་རབས་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་ཆེད། རང་སྐྱོང་ལྗོངས་སྨན་རྫས་ལྟ་འདོམས་ཅུས་ཀྱིས་ལམ་ལུགས་ཀྱི་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ《བོད་རང་སྐྱོང་ལྗོངས་ཀྱི་སྨན་རྫས་དོ་དམ་སྲོལ་ཡིག》ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་ཧུར་ཐག་བཏང་ནས། བོད་ལུགས་གསོ་རིག་གི་སྨན་སྦྱོར་བའི་ལས་གཉེར་ཐོབ་ཐང་ཁས་ལེན་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད། བཀོད་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད། ཡིག་རྒྱུགས་ཐོག་མ་བདེ་བླག་བྱུང་ཞིང་། ཚད་ལྡན་ཅན་གྱི་རྒྱུགས་ར་42བཀོད་སྒྲིག་བྱས་པར་ལས་གཉེར་བ་1229ཡིག་རྒྱུགས་ནང་ཞུགས་ཡོད་པ་རེད།