འདི་ནི་འགོ་ཚུགས་མཛད་སྒོར་ཞུགས་པའི་སློབ་མས་དུག་འགོག་སྐོར་གྱི་དྲི་བར་ལན་རྒྱག་བཞིན་པ།
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་དུག་འགོག་གཞུང་ལས་ཁང་གིས་ལྷ་ས་གྲོང་ཁྱེར་དུག་འགོག་གཞུང་ལས་ཁང་དང་མཉམ་དུ་རང་སྐྱོང་ལྗོངས་དུག་འགོག་སློབ་གསོའི་རྟེན་གཞིར་དུག་འགོག་སྔོན་བྱོན་པ་ལིན་ཙེ་ཞུད་ཀྱི་ཚེ་གང་མཛད་རྗེས་རྒྱལ་ཡོངས་ཀྱི“འགྲེམས་ཁང་བཅུར་མཉམ་འབྲེལ་འགྲེམས་སྟོན”གྱི་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་གཉེར་ཞིང་། དེའི་དམིགས་ཡུལ་ནི་ལིན་ཙེ་ཞུད་ཀྱི་དུག་འགོག་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་སྔར་བས་དར་སྤེལ་གཏོང་བ་དང་། རང་ལྗོངས་ཀྱི་དུག་རྫས་སྔོན་འགོག་གི་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་ཆེད་རེད།
ཤེས་རྟོགས་བྱུང་བར་གཞིཌ་ན། ད་ཐེངས་རྒྱལ་ཡོངས་ཀྱི“འགྲེམས་ཁང་བཅུར་མཉམ་འབྲེལ་འགྲེམས་སྟོན”གྱི་བྱེད་སྒོ་ནི་མི་རིགས་ཀྱི་དཔའ་བོ་དུག་འགོག་སྔོན་བྱོན་པ་ལིན་ཙེ་ཞུད་འཁྲུངས་ནས་ལོ་ངོ་240འཁོར་བར་དྲན་གསོ་ཞུ་ཆེད། རྒྱལ་ཁབ་དུག་འགོག་གཞུང་དོན་ཁང་གིས་གཅིག་གྱུར་མཛུབ་ཁྲིད་བྱས་ཏེ་པེ་ཅིང་སོགས་ས་ཆ་10ཡི་ལིན་ཙེ་ཞུད་དྲན་གསོ་ཁང་དུ་ཐུན་མོང་ཐོག་མཉམ་འབྲེལ་འགྲེམས་སྟོན་བྱེད་སྒོ་སྤེལ་བ་ཞིག་རེད།
གོམ་སྟབས་རྗེས་མར། རང་སྐྱོང་ལྗོངས་དུག་འགོག་གཞུང་ལས་ཁང་གིས་དུས་ཡུན་ཟླ་བ་གཅིག་རིང་དུག་འགོག་སྔོན་བྱོན་པ་ལིན་ཙེ་ཞུད་ཀྱི་ཚེ་གང་མཛད་རྗེས་རྒྱལ་ཡོངས་ཀྱི“འགྲེམས་ཁང་བཅུར་མཉམ་འབྲེལ་འགྲེམས་སྟོན”གྱི་བྱེད་སྒོ་རྒྱུན་མཐུད་སྤེལ་ཏེ། ཁག་ཐེངས་དབྱེ་ནས་མང་ཚོགས་ལྟ་སྐོར་ལ་སྒྲིག་འཛུགས་བྱས་ནས་དུག་འགོག་སློབ་གསོ་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།