《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年09月02日

བཅའ་ཁྲིམས་ཤེས་བྱའི་དྲི་བ་དྲིས་ལན།

ཁྱོ་ཤུག་གཉིས་ནས་ཕྱོགས་གཅིག་གིས་གཡར་བའི་དངུལ་ཕྱོགས་གཞན་དེས་མཉམ་དུ་སྤྲོད་དགོས་སམ།

རང་རྒྱལ་གྱི་བཅའ་ཁྲིམས་ནང་ཁྱོ་ཤུག་གཉིས་དབར་གཉེན་སྒྲིག་གི་འབྲེལ་བ་ཡོད་རིང་། ཁྱོ་ཤུག་ཕྱོགས་གང་རུང་ཞིག་གིས་ཆད་པའི་བུ་ལོན་དེ་ཁྱོ་ཤུག་གཉིས་ཀའི་ཐུན་མོང་གི་བུ་ལོན་ལྟར་ཁྱོ་ཤུག་གཉིས་ཀས་ཐུན་མོང་ཐོག་འཇལ་དགོས་པ་གཏན་འབེབས་བྱས་ཡོད། དེ་ཡང་གསལ་པོར་བཤད་ན་ཁྱོ་ཤུག་ཕྱོགས་གཉིས་ཀས་ཐུན་མོང་ཐོག་འཇལ་དགོས་ཀྱི་ཡོད། འོན་ཀྱང་གཤམ་གསལ་གྱི་གནས་ཚུལ་འདི་གཉིས་འོག་དངུལ་བུན་གཡར་མཁན་གྱི་ཁྱོ་ཤུག་ཕྱོགས་གཅིག་གི་བུ་ལོན་ཁོངས་སུ་གཏོགས་པས། ཕྱོགས་གཅིག་རང་གིས་འཇལ་དགོས་པ་སྟེ། (1)བུན་བདག་དང་བུ་ལོན་འཇལ་མཁན་གཉིས་དབར་མི་སྒེར་གྱི་བུ་ལོན་ཡིན་པའི་ཁ་ཆད་གསལ་པོ་བྱས་ཡོད་པ་ཁྱོ་ཤུག་ཕྱོགས་གཅིག་གིས་ར་སྤྲོད་བྱེད་ཐུབ་པ་དང་། (2)གཉེན་སྒྲིག་གི་འབྲེལ་བ་ཡོད་རིང་ཐོབ་པའི་རྒྱུ་ནོར་རང་སོ་སོར་དབང་བའི་ཁ་ཆད་བྱས་ཡོད་པ་ཁྱོ་ཤུག་ཕྱོགས་གཅིག་གིས་ར་སྤྲོད་བྱེད་ཐུབ་པར་མ་ཟད། མི་གཞན་གྱིས་ཀྱང་ཁ་ཆད་དེ་ཤེས་ཀྱི་ཡོད་པ་བཅས་རེད།

ཁྱོད་ཀྱིས་དམངས་ཁྲོད་ཀྱི་དངུལ་བུན་གཏོང་ལེན་གྱོད་གཞིའི

“ཁག་ཐེག་དུས་ཡུན”ག་ཚོད་ཡིན་པ་ཤེས་སམ།

ཁྲིམས་ཁང་ལ་དམངས་དོན་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཞུ་བའི་གཏུག་བཤེར་དུས་ཡུན་སྤྱིར་ན་ལོ་3ཡིན།