《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年08月12日

གངས་ལྗོངས་དགྱེས་པའི་སྙན་དབྱངས།

བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་དྲུག་ཅུ་འཁོར་བར་བསུ་བ་ཞུ།

སྤེན་ཚེ་གཞོན་པ།

ཐུང་ཐུང་མ་ཡིན་བགྲང་བྱ་དྲུག་ཅུ་ཡི། །

གངས་ཅན་ལྗོངས་ཀྱི་རླབས་ཆེན་འཕོ་འགྱུར་དག །

ཁྲ་ཆུང་མིག་གིས་དངོས་སུ་མཐོང་བས་ན། །

ནག་ཆུང་

ཡི་གེར་ཕབ་འདོད་སོར་རྩེ་འཚབ། །

གྲོང་གསེབ་ཁག་ལ་ཨར་འདམ་ལམ་ཆུང་བསྐྲུན། །

ཁོད་སྙོམས་གཞུང་ལམ་པ་ཊའི་རིས་བཞིན་སྦྲེལ། །

མཚོ་བོད་དང་ནི་ལྷ་གཞིས་ལྕགས་ལམ་བསྐྲུན། །

ཐ་གྲུ་ཡངས་པའི་གནམ་ཐང་གང་སར་ཁྱབ། །

མཁའ་ལ་ལྕགས་བྱས་ལྡིང་སྐོར་ཡང་ཡང་རྒྱག །

འོག་ལ་མེ་འཁོར་རླངས་འཁོར་འདུར་རྒྱུག་རྒོད། །

སེམས་པ་སླེབས་སར་ལུས་པོ་བསླེབས་པ་དེས། །

གངས་ལྗོངས་འགྲིམ་འགྲུལ་དར་བའི་དགེ་མཚན་མཐོང་། །

ཕ་མཐའ་ཡས་པའི་ཞིང་ཐང་གྲུ་བཞིའི་ངོར། །

དཀར་མོ་ནས་ཀྱི་གཙོ་བྱས་འབྲུ་སྣ་ལྔ། །

ཐོན་འབབ་དབྱར་གྱི་ཆུ་གཏེར་བརྡོལ་བའི་དཔེ། །

སོ་ནམ་ཞིང་པའི་འཛུམ་མདངས་ལས་ཀྱང་རྟོགས། །

འཕྲུལ་གྱི་འཁོར་ལོ་རོ

གས་ཟླར་བོས་པ་ཡིས། །

དཔྱིད་འདེབས་སྟོན་བསྡུའི་ཛ་དྲག་དམག་འཐབ་དེ། །

ཉིན་ཤས་ཙམ་ལ་རྒྱལ་ཁ་བླངས་པ་དེས། །

ཞིང་ལས་འཕྲུལ་ཆས་ཅན་གྱི་དགེ་མཚན་མཚོན། །

བོད་བཟོ་རྒྱ་བཟོའི་གྲོང་མིའི་སྡོད་ཁང་དང་། །

གཞུང་དོན་ཁང་དང་གསོལ་སྟོན་ཁང་སོགས་ཀྱི། །

རྩེ་མོ་དགུང་ལ་ཟུག་འདྲའི་མཐོ་ཚད་ཀྱིས། །

མགོ་བོའི་ཞྭ་མོའང་ས་ལ་ལྟུང་ལ་ཁད། །

རླངས་

འཁོར་ཆེ་ཆུང་གྲོག་མའི་འདུ་ཚོགས་བཞིན། །

གཞུ

ང་ལམ་ཡངས་པོར་དལ་དལ་ལྷོད་ཀྱིས་རྒྱུ། །

སྒེར་གཉེར་རླངས་འཁོར་གང་སར་མཐོང་བ་ལས། །

དམངས་འཚོའི་འཕེལ་རྒྱས་ཆེན་པོའི་འཕོ་འགྱུར་རྟོགས། །

གནམ་སྲས་མཛོད་ལ་འགྲན་པའི་ཁྲོམ་སྲང་ཀུན། །

གང་མཁོ་ཅི་འདོད་སྣ་ཚོགས་ཚོང་ཟོག་སྤུངས། །

ཉོ་མཁན་འཚང་ག་ཤིག་ཤིག་མ་བོས་མགྲོན། །

ཚོང་ལས་དར་རྒྱས་བྱུང་བའི་རང་རྟགས་མངོན། །

གཙུག་ལག་རིག་པའི་ལྡིང་ཁང་ཆེ་ཆུང་ན། །

སྣ་ཚོགས་ཤེས་བྱའི་ཟེའུ་འབྲུ་འཐུ་བ་ཡི། །

ན་ཆུང་བུ

ང་བས་བརྩོན་འགྲུས་གཤོག་ཟུང་ངོམ། །

རིག་གནས་ཤེས་བྱར་གཙིགས་ཆེན་བྱེད་པ་རྟོགས། །

བཞི་བརྒྱ་རྩ་བཞིའི་ནད་ཀྱི་གཉེན་པོ་སྟེ། །

བོད་ལུགས་ཕྱི་ལུགས་ཀྲུང་ལུགས་སྨན་ཁང་མང་། །

རྣག་ཐོག་གཙག་འཁེལ་སྨན་བཅོས་ལག་རྩལ་གྱིས། །

དམངས་ཀྱི་འཚོ་བར་བདུད་རྩིའི་སྦྲང་ཆར་བསྩལ། །

ཆུ་གློག་ཉི་གློག་གློག་དྲ་ཀུན་ལ་ཁྱབ། །

5Gདྲ་རྒྱ་གངས་ལྗོངས་ཀུན་ལ་དར། །

དྲ་བའི་ཉོ་ཚོང་འདུ་རྒོད་རབ་ཏུ་འཁྲུག །

ཆ་འཕྲིན་ལག་རྩལ་དར་བའི་རང་མདངས་མངོན། །

ནང་མ་སྟོད་གཞས་གཞས་ཆེན་ལྷ་མོ་དང་། །

བླ་མ་མ་ཎིའི་འཁྲབ་གྱེར་རྒྱུན་འཛིན་གྱིས། །

གླུ་གར་རྒྱ་མཚོའི་སྙན་པ་འཛམ་གླིང་གི །

ཕྱོགས་ཀྱི་བུ་མོའི་རྣ་བའི་རྒྱན་དུ་གྲགས། །

སྨ

ན་ཐང་སྨན་གསར་ཐང་གའི་བྲིས་རྒྱུན་དང་། །

ཨེ་བྲིས་སྙེ་བྲིས་ཡིག་གཟུགས་བྲིས་རྒྱུན་རྣམས། །

ཆེ་བསླབ་ཆུང་སྦྱངས་རྒྱུན་འཛིན་བཟང་པོ་དེས། །

གངས་ལྗོངས་རིག་གནས་ལྡུམ་རའི་རྒྱན་དུ་མཛེས། །

སྲིད་བཟང་སྦྲང་ཆར་རྟག་ཏུ་འབབ་པ་ཡིས། །

ཞིང་འབྲོག་འཚོ་བའི་ཞིང་ས་རྟག་ཏུ་བརླན། །

དམངས་སེམས་སྤྲོ་དགའི་མེ་ཏོག་རབ་དགོད་པས། །

དམངས་ཀྱི་སེམས་པ་ནམ་ཡང་ཏང་ལ་ཕྱོགས། །

རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ཆེན་པོའི་འོག །

འགྲོ་རྣམས་ཞི་མཐུན་མཉམ་གནས་འཚོ་བ་ཡིས། །

རྒན་མོ་གསེར་ཁུར་སྔ་མོའི་གཏམ་རྒྱུད་དེར། །

སླར་ཡང་གསལ་འགྲེལ་བྱས་པས་ཨ་རེ་མཚར། །

རི་ལ་ནགས་སྟུག་སྨན་སྣ་ཕུན་སུམ་ཚོགས། །

ཤྭ་དགོ་གཙོད་གསུམ་སྐྱིད་ཉལ་རྒྱག་ས་རེད། །

ཐང་ལ་རྩྭ་བཟང་ཆུ་སྣ་འཛོམས་པ་ཡི། །

རྟ་ནོར་ལུག་གསུམ་བག་ཕེབས་འཚོ་བའི་གནས། །

ཕྱུག་ཕྱུག་ཀླུ་རྒྱལ་བང་མཛོད་ཟེར་ཡང་འདི་ལྷག་ཅི། །

སྐྱིད་སྐྱིད་སུམ་རྩེན་གནས་སྐྱིད་ཟེར་ཡང་འདི་ལྷག་ཅི། །

མཛེས་མཛེས་གངས་ལྗོངས་དག་ཞིང་སྐྱིད་པའི་ཡུལ་གྲུ་འདིའི། །

ཆེ་ཆེའི་འཕོ་འགྱུར་མཐོང་བས་ཀུན་སེམས་རབ་ཏུ་མྱོས། །

རིང་རིང་བགྲང་བྱ་དྲུག་ཅུའི་ཆེ་ཆེ་ཡི་འཕོ་འགྱུར། །

རང་རང་མིག་གིས་མཐོང་ཞི

ང་ཆུང་ཆུང་གི་སེམས་ཀྱིས། །

ཡང་ཡང་བསམ་ཞིང་བསམས་ནས་དཀར་དཀར་གྱི་ཤོག་བུར། །

ནག་ནག་ཡི་གེའི་ལམ་ནས་ཉུང་ཉུང་ཞིག་ཐལ་ལོ། །