《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年08月12日

ལྗོངས་ཡོངས་ཀྱི་སྲིད་འཛིན་འདྲི་གཅོད་དང་བསྐྱར་གྲོས་ལས་དོན་གསོ་སྦྱོང་འཛིན་གྲྭ་སྐབས་གསུམ་པ་སློབ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྗོངས་ཡོངས་ཀྱི་སྲིད་འཛིན་འདྲི་གཅོད་དང་བསྐྱར་གྲོས་ལས་དོན་གསོ་སྦྱོང་འཛིན་གྲྭ་སྐབས་གསུམ་པ་སློབ་འགོ་ཚུགས་པའི་མཛད་སྒོ་ལྷ་སར་འཚོགས་པ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཀྲུའུ་ཧྲོའུ་ཁེ་དང་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའི་ཧྲུའུ་ཅི་དང་ཡོན་ཀྲང་ཚེ་བརྟན་མཛད་སྒོར་ཞུགས་ནས་གསུང་བཤད་གནང་བ་རེད།

སློབ་འགོ་ཚུགས་པའི་མཛད་སྒོའི་ཐོག་ནན་བཤད་གནང་དོན། གསོ་སྦྱོང་ནང་ཞུགས་མཁན་ཚོས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་དང་ཁྲིམས་ལྟར་བོད་སྐྱོང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། བསམ་བློའི་ངོས་འཛིན་མུ་མཐུད་ཟབ་ཏུ་གཏོང་བ། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། སྲིད་གཞུང་དང་ཁྲིམས་ཁང་གི་མཉམ་འགུལ་ལམ་སྲོལ་འཛུགས་སྐྱོང་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་སྲིད་འཛིན་གྱི་རྩོད་གཞི་སེལ་བའི་སྤུས་ཚད་མཐོ་རུ་དང་ལས་ཕྱོད་ཆེ་རུ་ཏན་ཏིག་བཏང་ཐོག ལྗོངས་ཏང་ཨུད་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་ཞབས་ཞུ་དང་འགན་སྲུང་ཧུར་ཐག་བྱེད་པ་དང་། ཁྲིམས་སྐྱོང་དཔུང་ཁག་འཛུགས་སྐྱོང་ལ་མུ་མཐུད་ཤུགས་སྣོན་རྒྱག་པ། ཁྲིམས་ལྟར་སྲིད་འཛིན་དང་དྲང་གཞག་ཁྲིམས་སྒྱུར་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་ཁྲིམས་སྐྱོང་གི་བོད་ལྗོངས་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།